ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་གཞུང་ལམ་སྟེང་བདེ་འཇགས་ངང་ཤར་བགྲོད་ཐུབ་པར་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ནས་ཤེས་རྟོགས་བྱུང་བར། ཉེ་སྔོན་ནས་བཟུང་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་སྔོན་འགོག གཞུང་ལམ་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་པའི་བྱ་ཐབས་ལ་ཤུགས་སྣོན། གཞུང་ལམ་གྱི་གཙོ་གནད་ཁུལ་གྱི་རིམས་ནད་འགོག་སྡོམ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་བཅས་བྱས་ནས། ཟོག་འགྲེམས་མཁོ་སྤྲོད་འབྲེལ་ཐག་ཤར་གཏོང་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོའི་སྟེང་བདེ་འཇགས་ངང་ཤར་བགྲོད་ཐུར་པར་ནན་ཏན་གྱིས་འགན་ལེན་བྱས།

རིམས་ནད་སྐབས་སུ་ཁྱོན་ཡོངས་བདག་སྐྱོང་ལས་བཟོ་པས་གཞུང་ལམ་ལ་རྒྱུན་ལྡན་སྐོར་ཞིབ་དང་ལམ་ངོས་ཀྱི་གནོད་འཚེ་ཐག་གཅོད། ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཏེ། གཞུང་ལམ་སྟེང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་འགྲོ་འོང་ཐུར་པར་ནུས་པ་ལྡན་པའི་འགན་ལེན་བྱས། གལ་ཆེའི་ལམ་དུམ་དང་ལྷག་པར་ཞིང་ཆེན་དང་གྲོང་ཁྱེར(ཁུལ)འབྲེལ་མཚམས་ཀྱི་ལམ་དུམ་དུ་ལམ་དྲའི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། གཞུང་ལམ་འགྲམ་གྱི་འགྱུར་ཡོད་ཆ་འཕྲིན་གནས་ཚུལ་ཡར་ཞུ་བྱེད་ཆས་དང་། འཕྲིན་ཐུང་། མཚོ་སྔོན་འགྲིམ་འགྲུལ་གཞུང་ཕྱོགས་དྲ་བ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། སྤྱི་དམངས་ལ་དུས་ཐོག་ཏུ་བགྲོད་ལམ་གྱི་གནས་ཚུལ་དང་རིམས་ནད་འགོག་སྡོམ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱས།

དེ་དང་ཆབས་ཅིག་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་གཞུང་ལམ་གྱི་གནོད་འཚེའི་འཕེལ་རིམ་ལ་ཡོངས་བཤེར་བྱེད་པའི་ལས་དོན་མུ་མཐུད་སྤེལ་བས། གཞུང་ལམ་གྱི་གནོད་འཚེའི་ཉེན་ཁའི་གཞི་གྲངས་མཛོད་དང་རང་བྱུང་གནོད་འཚེའི་ཉེན་ཁ་ཁྱབ་ཚུལ་རགས་ཙམ་ཆགས་པ་མ་ཟད། དོན་དངོས་ལ་གཞིགས་ནས་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས“གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། མི་ཚང་མ་ཞུགས་པའི”རྣམ་པ་ཧུར་ཐག་གིས་བཏོད། གཞན་ཡང་ཆུ་ཚོད24ཡི་ལས་རེས་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཆ་འཕྲིན་འབྲེལ་གཏུག་ཐབས་ལམ་ཤར་བགྲོད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་དང་། “ཉིན་རེའི་སྙན་ཞུ”དང“སྙན་ཞུ་མེད་པའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་ཞིང་ཕན་འབྲས་ཆེ་བ་ཞིག་ཡོང་བར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།