ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་རོང་འབྲོག་ཁུལ་ལ་ཆུ་མཁོ་འདོན་བྱེད་པར་ནན་ཏན་གྱིས་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་གསལ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཆུ་བེད་ཐིང་གིས་འཕྲལ་མར་བྱེད་ཐབས་སྤྱད་དེ་རོང་འབྲོག་ཁུལ་ལ་ཆུ་མཁོ་འདོན་བྱེད་པའི་འགན་ལེན་ལས་དོན་ནན་ཏན་གྱིས་བསྒྲུབས་ནས། རིམས་ནད་འགོག་སྡོམ་བྱེད་སྐབས་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ཁྱབ་ཁོངས་ཁྲོད་འབྱུང་སྲིད་པའི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་མཐའ་གཅིག་ཏུ་དོགས་ཟོན་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་སྐབས་བདེ་འཇགས་ཀྱི་ཆུ་འཐུང་རྒྱུ་དང་བློ་བདེ་བའི་ཆུ་འཐུང་རྒྱུ་ཡོད་པར་འགན་ལེན་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ཆུ་ཁུངས་སྲུང་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཅིག་བསྡུས་རྣམ་པའི་ཆུ་མཁོ་འདོན་བཟོ་སྐྲུན2196གི་ཆུ་ཁུངས་དང་། ཆུ་ལེན་གནས། ཆུ་འདྲེན་སྦུག་ལམ་སོགས་ལ་སྐོར་ཞིབ་དང་གྲལ་བཤེར་བྱེད་ཚད་མང་དུ་བཏང་བ་མ་ཟད། ལྕགས་ར་སྐོར་ཡོད་པ་དང་ཆུ་ལེན་གནས་སོགས་ལ་གཏོར་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཤེས་ཚེ་དུས་ཐོག་ཏུ་བྱ་ཐབས་སྤྱད་ནས་བཅོས་སྒྲིག་བྱས། ཆུ་འདོན་བཟོ་གྲྭའི་བཟོ་ཁུལ་དང་གྲོང་མིའི་གཅིག་བསྡུས་ཆུ་ལེན་གནས་སོགས་ས་ཁོངས་གལ་ཆེན་གྱི་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལ་ཤུགས་སྣོན་དང་། གད་སྙིགས་སམ་ཡང་ན་ཤིང་ཆག་ལོ་མ་སོགས་དུས་ཐོག་ཏུ་གཙང་སེལ། དུས་བཀག་ལྟར་འཕྲོད་བསྟེན་གཙང་ཕྱགས་དང་འབུ་ཕྲ་རྩ་མེད་གཏོང་བའི་ལས་དོན་སྤེལ་ནས། ཆུ་མཁོ་འདོན་བྱེད་པའི་ཆུའི་སྤུས་ཚད་ལ་ཞོར་ཐོན་སྦགས་བཙོག་མི་ཕོག་པ་བྱས། ས་གནས་སྐོར་ཅིག་གི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭར་བཀག་སྡོམ་དོ་དམ་བྱས་ནས། ཆུའི་སྤུས་ཚད་གཙང་སེལ་དུག་སེལ་གྱི་ཚད་གཞི་བཟོས་ཏེ་བཟོ་གྲྭ་ནས་ཐོན་པའི་ཆུ་དང་ཆུ་དུག་སེལ་སྨན་རྫས་ལྷག་ཚད《འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི》ཡི་བླང་བྱ་དང་མཐུན་པར་བྱས། 

རྗེས་ཕྱོགས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་རིམས་ནད་འགོག་སྡོམ་བྱེད་སྐབས་གྲོང་གསེབ་དང་འབྲོག་ཁུལ་ལ་ཆུ་མཁོ་འདོན་འགན་ལེན་བྱ་རྒྱུ་ནི་མིག་སྔའི་ལས་དོན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ཁྲོད་གནས་པའི་མངོན་མེད་རྐྱེན་ངན་དང་ཉེན་ཁར་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་བྱ་ཐབས་བཏོན་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ལས་དོན་ནན་ཏན་གྱིས་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།