ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་མགོའི་མདོ་ལ་རི་བོའི་རི་སྐྱེས་སྲོག་ཆགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

12.jpg

13.jpg

14.jpg

15.jpg

16.jpg

པར་འདི་དག་ནི་མདོ་ལ་རི་བོའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་མགོ་ཚུགས་པ་ནས་བཟུང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནང་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དུ་ས་གནས་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་བརྙན་དང་པར་ལེན་ཐུབ་པ་བྱུང་།

མཚོ་བོད་མཐོ་སྒང་དུ་དཔྱིད་དང་དབྱར་གྱི་དྲོད་ཚད་ཤར་རྒྱུད་ས་ཁུལ་ལས་ཅུང་དམའ་ཞིང་། ས་བབ་ཅུང་མཐོ་བས་ཆུ་ལེན་རི་བོའི་རི་རྩེའི་གངས་ནམ་ཡང་མི་ཞུ་བ་རེད། ཉེ་ཆར་ནམ་ཟླ་ཇེ་འཁྱགས་སུ་སོང་ཡང་རི་སྐྱེས་སྲོག་ཆགས་ཀྱིས་དབྱར་དུས་སླེབས་ཉེར་ཡོད་པ་ཚོར་སྣང་བྱུང་།

ཁྲུང་ཁྲུང་སྐེ་ནག་དང་། དགོ་བ། ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས་ཀྱིས་རྩེད་འཇོར་རོལ་བ་དང་། ཟས་འཚོལ་བ། མཆོང་རྒྱུག་བྱེད་པ་བཅས་ཀྱིས་སྒོ་ནས་དབྱར་མགོ་བསུས་ཤིང་། དེ་དག་གིས་ཀྱང་ཚོགས་སྒྲིག་ནས་རྩེད་འཇོར་རོལ་ཞོར་དུ་མཐོ་སྒང་གི་དབྱར་དུས་ཀྱི་གསོན་ཤུགས་ཉམས་སུ་མྱོང་བཞིན་ཡོད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དེ་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་སྟོང་སྨི་གྲུ་བཞི་མ་ཁྲི5.02ཟིན་པའི་ནང་མཚོ་སྔོན་ས་ཁུལ་དུ་སྟོང་སྨི་གྲུ་བཞི་མ་ཁྲི1.58ཡོད་ལ། གནས་དེ་ནི་གསའ་དང་གཡི། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་དགའ་ཚལ་ལྟ་བུར་གྱུར་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།