ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་མ་མཐའི་འཚོ་བའི་རོགས་སྐྱོར་ཐད་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་གསུམ་སྟོང་དགུ་ལྔ་བརྒྱ་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རིམས་ནད་བྱུང་བའི་ཚུན་དུ། ཟི་ལིང་གྲོང་ཁྱེར་གྱིས་དུས་ཐོག་ཏུ་ཚད་ལོངས་པའི་སྒོ་ནས་མ་མཐའི་འཚོ་བའི་འགན་སྲུང་དངུལ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣའི་སྲི་ཞུ་མ་དངུལ་བྱིན་པ་དང་། སྔོན་སྒྲུབ་རོགས་སྐྱོར་དང་གནས་སྐབས་རོགས་སྐྱོར་བྱས་ནས། སྐྱོབ་འོས་པ་ཚང་མ་མྱུར་སྐྱོབ་བྱས།

མིག་སྔའི་བར་དུ། ཟི་ལིང་གྲོང་ཁྱེར་གྱིས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ལ་འགན་སྲུང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་བཞི་ཁྲི་བརྒྱད་སྟོང་ལྔ་ཉིས་བརྒྱ་བྱིན་པ་དང་། ཧ་ཅང་དཀའ་ཁག་ཆེ་བའི་སྲི་ཞུ་བྱེད་ཡུལ་ལ་འགན་སྲུང་དངུལ་སྒོར་ས་ཡ་བཞི་དང་ཁྲི་དྲུག་སྟོང་བརྒྱད་བདུན་བརྒྱ་བྱིན་ལ། གནས་སྐབས་ཀྱི་རོགས་སྐྱོར་བྱེད་པའི་མི་སྣར་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་བདུན་ཁྲི་བརྒྱད་སྟོང་ལྔ་དྲུག་བརྒྱ་བྱིན་ནས། བསྡོམས་པས་རིགས་མི་འདྲ་བའི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་གཉིས་སྟོང་དགུ་ལྔ་བརྒྱ་བྱིན།

ལྷག་པར་དུ་ཟླ་བཞི་པའི་ཚུན་དུ། ཟི་ལིང་གྲོང་ཁྱེར་གྱིས་དཀའ་ཁག་ཡོད་པའི་བྱིས་པར་གཟིགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ས་ཆ་སོ་སོའི་བྱིས་པའི་ལྟ་སྐུལ་མཛུབ་སྟོན་མི་སྣ་དང་བྱིས་པའི་ཀྲུའུ་རིན་རྩ་འཛུགས་བྱས་ནས་དུས་ཐོག་ཏུ་རང་འགུལ་གྱིས་དཀའ་ཁག་ཆེ་བའི་བྱིས་པ་སྟོང་གཅིག་དང་སུམ་བརྒྱ་དོན་གཅིག་ལ་སྦྲེལ་མཐུད་བྱས་པ་དང་། ཁོ་ཚོའི་སེམས་ཁམས་རྣམ་འགྱུར་དང་འཚོ་བའི་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། འབྲེལ་ཡོད་ཞུ་གཏུག་མཐུན་སྦྱོར་ཐག་གཅོད་བྱས། བརྙན་རིས་འཚམས་འདྲི་དང་གཞི་གྲངས་ལེགས་འདེམས་སོགས་བརྒྱུད་དེ་དམངས་སྲིད་ཞབས་ཞུ་འགན་སྲུང་བྱེད་ཡུལ་ལ་དྲ་འཐེན་རང་བཞིན་དང་ས་གདན་རང་བཞིན་གྱི་རྟོག་སེལ་ཆེན་པོ་སྤེལ་བ་དང་། མིག་སྔའི་བར་དུ། བསྡོམས་པས་མ་མཐའི་འཚོ་བའི་འགན་སྲུང་བྱེད་པའི་མི་སྣ་དང་དཀའ་ཁག་ཆེ་བའི་ཁ་ཐོར་སྲི་ཞུ་བྱེད་པའི་མི་སྣ།་ཟི་ལིང་དུ་ཡོད་པའི་ལས་གཉེར་པ། རིམས་ནད་ཀྱི་དབང་གིས་ཟི་ལིང་དུ་ལུས་པའི་ཁུལ་དང་གྲོང་ཁྱེར་གཞན་པའི་མི་སྣ། ཞིང་ཆེན་གཞན་པའི་མི་སྣ། ཡུལ་གྱར་སློང་མོ་བ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་བྱུང་བའི་ཁྱིམ་ཚང་སོགས་གཙོ་གནད་མི་ཚོགས་ཁྲི་གཅིག་སྟོང་བརྒྱད་བརྒྱད་བརྒྱར་མཐིལ་རྟོགས་བརྟག་བཤེར་བྱས།

དེ་དང་མཉམ་དུ། གནས་སྐབས་ཀྱི་རོགས་སྐྱོར་བྱེད་ཡུལ་ཇེ་ཆེར་བཏང་བ་དང་། ཞིབ་བཤེར་མཆན་འགོད་རྒྱུད་རིམ་ལེགས་བསྒྱུར་སྟབས་བདེ་རུ་བཏང་ལ། རིམས་ནད་འགོག་སྡོམ་སྐབས་ཀྱི་སྤྱི་ཚོགས་རོགས་སྐྱོར་དྲ་ཐོག་ནས་བསྒྲུབས་ཤིང་། སྔོན་དུ་ནང་འཇུག་དང་རྗེས་སུ་མཆན་འགོད་བྱེད་པའི་རྩ་དོན་བེད་སྤྱད་དེ། མ་མཐའི་འཚོ་བའི་འགན་སྲུང་སོགས་རོགས་སྐྱོར་ཡར་ཞུ་ཞིབ་བཤེར་མཆན་འགོད་བྱེད་ཐུབ་པར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།