ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང111པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང111པ)

2022ལོའི་ཟླ5པའི་ཚེས14ཉིན་གྱི་ཆུ་ཚོད0ནས24རིང་།   ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་དུག་འགོས་མཁན7ཇེ་མང་དུ་སོང་ཡོད་ཅིང་། གཏན་ཁེལ་ནད་པ་ཇེ་མང་དུ་སོང་མེད།

ནད་རྟགས་མེད་པའི་ནད་པའི་གནས་ཚུལ།

ནད་རྟགས་མེད་པའི་ནད་པ1པོ། མཁར་ནུབ་ཁུལ་ཧྲིས་ཐུང་རྒྱལ་སྤྱི་གཞིས་ཁུལ་དུ་བསྡད་ཡོད།

ནད་རྟགས་མེད་པའི་ནད་པ2པ། མཁར་ནུབ་ཁུལ་ས་གཤིས་ར་སྐོར་གསུམ་པའི་གཞིས་ཁུལ་དུ་བསྡད་ཡོད།

ནད་རྟགས་མེད་པའི་ནད་པ3པ། མཁར་ནུབ་ཁུལ་ལྔ་བཞི་ནུབ་ལམ་ཨང80པའི་རྒྱལ་ཁབ་གློག་དྲའི་ཟི་ལིང་ས་ཁུལ་བསྒྱུར་བཀོད་སྡོད་ཁང་དུ་བསྡད་ཡོད།

ནད་རྟགས་མེད་པའི་ནད་པ4པ། མཁར་ནུབ་ཁུལ་ལྔ་བཞི་ནུབ་ལམ་ཨང38པ་རུ་བསྡད་ཡོད།

ནད་རྟགས་མེད་པའི་ནད་པ5པ། མཁར་ནུབ་ཁུལ་ཧོང་ཚའེ་རུའོ་ཀྲི་ཡོན་ཧྭ་ཡོན་གཞིས་ཁུལ་དུ་བསྡད་ཡོད།

ནད་རྟགས་མེད་པའི་ནད་པ6པ། མཁར་ནུབ་ཁུལ་དབྱང་ཅཱ་ཀྲའེ་གཞིས་ཁུལ་དུ་བསྡད་ཡོད།

ནད་རྟགས་མེད་པའི་ནད་པ7པ། མཁར་ནུབ་ཁུལ་ལྔ་བཞི་ནུབ་ལམ་ཨང68པ་རུ་བསྡད་ཡོད།(གནས་སྐབས་འདུག་པ)

གོང་གི་ནད་རྟགས་མེད་པའི་ནད་པ་ཚང་མ་གཙོ་གནད་དོ་དམ་དང་ཚོད་འཛིན་བྱས་པའི་མི་སྣ་ཡིན་ལ། ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། རིམས་ནད་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་ཡོད་ལ་བླང་བྱ་ལྟར་དུ་དོ་དམ་ཚོད་འཛིན་བྱས་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས15ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།