ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འབྱུང་སྐབས་ཀྱི་དམངས་ཚིས་འགན་སྲུང་བྱ་བ་བཟང་པོར་སྒྲུབ་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་རེ་བ་ལྟར། མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་མཁོ་འདོན་ཐད་འགན་སྲུང་བྱེད་པ་དང་རིན་གོང་གཏན་འཇགས་སུ་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ནང་དུ་འགངས་ཆེན་དུ་བརྩིས་ནས། ཐབས་མང་མཉམ་སྤྱོད་དང་དུས་ཐོག་ཏུ་རིགས་མི་འདྲ་བའི་དམངས་ཚིས་ཚོང་རྫས་སྣ་ཚོགས་ཀྱི་མཁོ་འདོན་དང་རིན་གོང་འགྱུར་ལྡོག་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཞིང་ཆེན་ཡོངས་དང་ལྷག་པར་དུ་ཟི་ལིང་གྲོང་ཁྱེར་གྱི་དམངས་ཚིས་ཚོང་རྫས་མཁོ་འདོན་གྱི་རྒྱུན་མི་ཆད་པ་དང་ཚོང་རྫས་བཙོང་ཚར་བ། རིན་གོང་འགྱུར་ལྡོག་ཆེན་པོ་མི་བྱུང་བར་ཁག་ཐེག་བྱས།

མིག་སྔར། ཚོང་རའི་འབྲུ་སྣུམ་དང་། སྔོ་ཚལ། སྒོ་ང། ཤ  སིལ་ཏོག་སོགས་ཚོང་རྫས་ཀྱི་མཁོ་འདོན་འཛོམས་པོ་ཡིན་པ་དང་། རིན་གོང་ཧ་ལམ་གཏན་འཇགས་རེད།

ཞིང་ཆེན་འཕེལ་རྒྱས་དང་བཅོསབསྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ཉོ་ཚོང་འགྲོ་རྒྱུག་ཁེ་ལས་ལ་དངོས་ཟོག་གཙོ་བོ་སྐྱེལ་འདྲེན་རླངས་འཁོར་གྱི་ལམ་ཡིག་བྱིན་ནས། དམངས་ཚིས་ཚོང་རྫས་གལ་ཆེན་སྐྱེལ་འདྲེན་བཀོད་སྒྲིག་བྱེད་ཤུགས་ཆེར་བཏང་། ཞིང་ཞོར་ཐོན་རྫས་ཀྱི་ལྗང་མདོག་བགྲོད་ལམ་སྲིད་ཇུས་ལག་བསྟར་བྱས་ཏེ། རིམས་ནད་སྐབས་ཀྱི་གཞུང་ལམ་འགྲིམ་འགྲུལ་གེགས་མེད་ཡོང་བར་འགན་སྲུང་བྱས། རང་ས་གནས་ཀྱི་སྔོ་ཚལ་དང་ཕག་ཤ ནོར་ལུགཤ་སོགས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་། རིམས་ནད་བྱུང་བའི་གྲོང་ཁྱེར་དང་ཁུལ་གྱིས་མཁོ་འདོན་ལ་འགན་སྲུང་དང་རིན་གོང་གཏན་འཇགས་སུ་གཏོང་བའི་བྱ་བར་མཛུབ་སྟོན་བྱས་པ་དང་། དུས་ཚོད་ལྟར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་དམིགས་ཚད་གཙོ་བོ་ལག་བསྟར་དང་དམངས་ཚིས་ཚོང་རྫས་ཐོན་སྐྱེད། མཁོ་འདོན། གྲབས་གསོག་དང་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བའི་བཀོད་སྒྲིག་སོགས་གནས་ཚུལ་ཐད་ནས་བཀོད་གཏོང་བྱས་ཏེ། འཚོ་བའི་ངེས་མཁོ་དངོས་རྫས་ཀྱི་ཚོང་རའི་མཁོ་འདོན་གཏན་ཞིང་འདང་བར་ཁག་ཐེག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས།

དེ་དང་མཉམ་དུ། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་སྐབས་སུ་རིན་གོང་ཇེ་མཐོར་གཏོང་བའི་ཁྲིམས་འགལ་སྤྱོད་ཚུལ་གཏན་ཁེལ་ངོས་འཛིན་བྱེད་པའི་འབྲེལ་ཡོད་བྱ་བའི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ནས། རིན་གོང་ཇེ་མཐོར་གཏོང་བའི་སྤྱོད་ཚུལ་ངོས་འཛིན་དང་གོ་ཆོད་ཁྱབ་ཁོངས། སྲིད་འཛིན་ཆད་གཅོད་བྱེད་ཤུགས་སོགས་ནང་དོན་གཏན་ཁེལ་གསལ་བོ་བྱས་ཏེ། ཁྲིམས་ལྟར་རིན་གོང་ཇེ་མཐོར་བཏང་བའི་ཆ་འཕྲིན་སྒྲོག་པ་དང་། རིན་གོང་ཇེ་མཐོར་གཏོང་བ། ཚོང་རྫས་ཉར་གསོག་བྱེད་པ་སོགས་རིན་གོང་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ཞིབ་བཤེར་དང་རྩད་གཅོད་བྱེད་པའི་ཐད་ཁྲིམས་འཛིན་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས། མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་ཐད་ཀྱི་གྲོས་སྐུལ་ཡི་གི་དང་གསལ་འདེབས་ཡི་གེ་བསྒྲགས་ནས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་སྐབས་ཀྱི་ཚོང་རྫས་གཙོ་བོ་དང་ཞབས་ཞུ་རིན་གོང་ལྟ་སྐུལ་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། རིགས་མི་འདྲ་བའི་རིན་གོང་ཇེ་མཐོར་གཏོང་བའི་ཁྲིམས་འགལ་སྤྱོད་ཚུལ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱེད་པ། ཚོང་གཉེར་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། ཚོང་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།