ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྙན་རིས་སློབ་སྦྱོང་བགྲོ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དྲ་ལམ་བརྙན་རིས་ཀྱི་རྣམ་པས། རོང་འབྲོག་ཁུལ་དང་ཁེ་ལས། སློབ་གྲྭ། སྤྱི་ཚོགས་རྩ་འཛུགས། ལས་ཁུངས་ཀྱི་ལས་བྱེད་པ་སོགས་ན་གཞོན་འཐུས་ཚབ་རྩ་འཛུགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྙན་རིས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས།

གྲོས་ཚོགས་ནས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་གུང་གཞོན་ཚོགས་པས་མ་འོངས་པར་ཁ་ཕྱོགས་པ་དང་ཡང་བསྐྱར་བྱས་རྗེས་འཇོག་པར་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་པ་དང་། སྐྱོད་ལམ་གསར་པའི་སྟེང་གུང་གཞོན་ཚོགས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་སྒུལ་ཤུགས་དང་ཐབས་ཤེས་ཐབས་ལམ་འདོན་སྤྲོད་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱིས་ཕུགས་བསམ་ཡིད་ཆེས་ཇེ་བརྟན་དང་བསམ་བློའི་བྱང་ཚད་ཇེ་མཐོར་བཏང་སྟེ། སྔར་ལས་ཡིད་ཆེས་དང་རང་རྟོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་པར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པར་འདོད།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་དང་ན་གཞོན་མཉམ་འབྲེལ་ལྷན་ཚོགས། སློབ་མའི་མཉམ་འབྲེལ་ཚོགས་པ། ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་ཆེས་གལ་ཆེན་པོར་བརྩིས་ནས། དུས་ལྟར་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་བཀོད་སྒྲིག་བྱས་ཏེ། མྱུར་དུ་སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་འཕྱུར་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པར་བཏོན་པའི་ཐུགས་རེ་ལ་དམིགས་ནས། ཏང་ལ་མི་སྐྱེད་སྲིང་བྱེད་པའི་འགན་འཁྲི་དང་བྱ་གཞག་གཙོ་བོ་དེ་གོ་གནས་ཆེས་གལ་ཆེན་པོར་འཇོག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཡིད་ལ་དམ་པོར་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ན་གཞོན་གྱི་བསམ་བློར་དྲག་ཆས་སྤྲས་ཏེ། ན་གཞོན་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་འབྲངས་པར་ཁྲིད་སྟོན་བྱེད་དགོས། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་ཀྱིས་ཉིས་སྟོང་བཅུ་དྲུག་ནས་ཉིས་སྟོང་ཉེར་ལྔ་ལོའི་དུས་ཡུན་རིང་འབྲིང་གི་ན་གཞོན་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་ཚོ་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་ས་བཞི་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ཞུགས་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ཁྲོད་དུ་སྟོབས་ཤུགས་གཙོ་བོ་འདོན་པར་རྩ་འཛུགས་དང་སྐུལ་སློང་བྱེད་དགོས། ཏང་འཛུགས་ཀྱིས་གུང་གཞོན་ཚོགས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱེད་པ་དང་། གུང་གཞོན་ཚོགས་པ་ཕྱོགས་ཡོངས་ནས་བཅོས་ནན་མོ་བྱེད་པ། ཏང་རྩ་འཛུགས་དང་གུང་གཞོན་ཚོགས་པ། ན་གཞོན་གདོང་ལེན་རུ་ཁག་བཅས་གཞི་གཅིག་ཅན་གྱི་རྩ་འཛུགས་ཀྱི་མི་སྣ་སྐྱེད་་སྲིང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དུས་ནམ་ཡིན་ཡང་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྲུང་འཛིན་བྱེད་པ་དང་ཇེ་དྲག་ཏུ་གཏོང་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། དམ་བཅའ་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་བརྟན་པོ་རུ་བསྒྱུར་བ་དང་། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་ཚོ་རྩ་འཛུགས་དང་གཅིག་སྡུད་བྱས་ཏེ་སྐྱོད་ལམ་གསར་པར་འབད་པས་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་དོན་དངོས་སྦྱོར་བ་རུ་བསྒྱུར་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་དགའ་སྤྲོ་ཆེན་པོས་བསུ་མ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།