ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། སྐྱེ་ཁམས་སླར་གསོར་སྐུལ་འདེད་ནན་ཏན་བཏང་སྟེ་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་ལེགས་སྐྱེས་འབུལ་དགོས། 

ལིའུ་ཐའོ་ཡིས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྐྱ་རིང་དང་མཚོ་སྔོ་རིང་གི་ལྟེ་བའི་ཁུལ་དང་གུང་ཡུས་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དག་ཐེར་བྱེད་སར་སྔ་རྗེས་སུ་ཕྱིན་ནས། ཀྲུང་དབྱང་རྩིས་བཤེར་གྱིས་ཤེས་རྟོགས་ཐུབ་པའི་གནད་དོན་དང་། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་མགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་། ཁོང་གིས་མགོ་ལོག་ནི་གཙང་གསུམ་འབྱུང་ཡུལ་དང་རྨ་ཆུའི་ཆུ་མགོར་གནས་པས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། འབྱུང་རྩའི་འགན་འཁྲི་སྟངས་འཛིན་ནན་མོ་བྱས་ནས་དོན་དངོས་ལ་གཞི་ཚུགས་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་བྱ་ཐབས་ཞིབ་ཚགས་དང་ནན་ཏན་གྱིས་བཟོས་ཏེ། མང་ཚོགས་སྐུལ་སློང་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཟུང་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིན་དང་ལས་ཚབ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་གསུང་བཤད་ཀྱི་བླང་བྱ་ལྟར “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཟང་པོ་དང“མ་ཡུམ་ཆུ་བོ”སྲུང་སྐྱོང་བཟང་པོ་བྱེད་དགོས། དམིགས་བསལ་ཞིང་ཆེན་གྱི་གནས་ཚུལ་དང་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ། གནད་དོན་མངོན་གསལ་དོད་པོར་དམ་པོར་དམིགས་པ་དང་། རིག་པ་གསལ་བ་རྒྱུན་འཁྱོངས་བྱེད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། རིམ་བཞིན་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་ཀྱི་ཐོག་ནས་གནད་དོན་གྱི་རིགས་གཏན་འགོག་བྱེད་དགོས། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་བསྣན་ཏེ། འགན་འཁྲིའི་ལས་ཁུངས་དང་ཁོངས་གཏོགས་ས་ཁུལ་གྱི་སྲིད་གཞུང་གིས་མཉམ་དུ་ཤུགས་བསྣན་ནས་དུས་མཇུག་གི་དོ་དམ་སྲུང་སྐྱོང་དང་སྐོར་ཞིབ་ལས་དོན་ལེགས་པར་བསྒྲུབས་ཏེ་ཉམས་གསོའི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས།

དེའི་སྐབས་སུ། ལིའུ་ཐའོ་ཡིས་ད་དུང་རྨ་སྟོད་རྫོང་གི་ཡོམ་འགོག་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཞིང་། ཁོང་གིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྒྲིག་བཟོ་དང་། “ས་ཁུལ་གསུམ་དང་ལས་རིགས་གསུམ”གྱི་དབྱེ་མཚམས་གཏན་འབེབས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བ་དང་ས་ཁོངས་ཀྱི་ནུས་པའི་ངེས་གནས་ལ་ཤུགས་བསྣན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།