ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡེན་པའེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དང་ཧེ་ཡན་རྫོང་དུ་ཕྱིན་ནས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་རྟོག་ཞིབ་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ། གཙོ་རྒོལ་ཁ་ཕྱོགས་ལ་དམ་པོར་དམིགས་པ། བྱ་བའི་གཙོ་གནད་མངོན་གསལ་དོད་པོ་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། འབྲེལ་མཐུད་ནུས་ལྡན་དང་། དཔྱད་ཞིབ། དཔྱད་དཔོག་བཅས་ཀྱི་ལས་དོན་ནན་ཏན་གྱིས་སྤེལ་བ། ཤང་ཧྲིལ་པོ་དང་གྲོང་ཚོ་ཧྲིལ་པོའི་གཞི་ཁྱོན་ལྡན་པའི་དབུལ་བོ་བསྐྱར་ལོག་གི་མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་མགྱོགས་མྱུར་སྒོས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན།
ཡེན་པའེ་ཡིས་ནན་གྱིས་བསྟན་དོན། ཁོང་གིས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ཁྱད་ལྡན་ལེགས་ཆ་སྔོག་འདོན་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། སྣ་ཁ་ཇེ་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། སྤྲོ་གསེང་ཞིང་འབྲོག་ལས། རིག་གནས་རོལ་མྱོང་། དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ། ཞིང་འབྲོག་ས་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པའི་ཐོན་ལས་གཏོང་ཟབ་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས། གྲོང་ཚོའི་གནས་བབ་དང་བསྟུན་པར་མཐོང་ཆེན་བྱེད་པ། མཉམ་སྡེབ་ཐོན་ཁུངས་ཀྱི་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་པ། རྣམ་གྲངས་དང་མ་དངུལ། ལག་རྩལ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན། སྣ་མང་ཅན་གྱི་འཕེལ་རྒྱས་འཚོལ་ཞིབ་བྱེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་ཁེ་ཕན་ཟུང་འབྲེལ་གྱི་ལམ་སྲོལ་འཛུགས་པ། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བཅས་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དེ“གཞན་བརྟེན་རྣམ་པའི”འཕེལ་རྒྱས་ནས“རང་བརྟེན་རྣམ་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྣམ་གྲངས་མ་དངུལ་སྤྱི་འདོམས་བྱེད་པར་ཤུགས་བསྣན་ནས། ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་དང་། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟ། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་སྡོད་ཁང་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲེལ་མ་དངུལ་སྤྱོད་པའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཚད་ཡོད་པའི་མ་དངུལ་འདང་བར་སྤྱོད་པ་དང་ལེགས་པར་སྤྱོད་ཐུབ་པ་བྱེད་དགོས། ནུས་པ་ལྡན་པའི་སྒོ་ནས་འཇོན་ཐང་ཆེ་རུ་བཏང་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ། རྣམ་པ་གསར་པའི་ལས་རིགས་ཀྱི་རོང་འབྲོག་པ་གསར་བ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ལས་ཞུགས་མི་སྣ། ཕ་ཡུལ་གྱི་ཤེས་ལྡན་མི་སྣ་བཅས་ལ་སློབ་གསོ་དང་གསོ་སྦྱོང་བྱེད་པར་ཤུགས་བསྣན་ནས་རིག་གནས་ལྡན་པ་དང་ཚན་རིག་ཤེས་པ། ལག་རྩལ་ཤེས་པ། གཉེར་སྐྱོང་མཁས་པ། དོ་དམ་ཐུབ་པ། གསར་གཏོད་ཐུབ་པ་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་དགོས། །