ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཚོགས་ངོས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས12ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས11ཉིན། ཟི་ལིང་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་གྱི་མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད། མ་དཔེ་ཁྲི187.19ཞིབ་བཤེར་བྱེད་པར་སྐྱེལ་བ་དང་། མ་དཔེ་ཁྲི187.19བརྟག་དཔྱད་ལེགས་འགྲུབ་བྱས་ལ། གྲོང་ཁྱེར་ཡོངས་ཀྱི་མཁར་ཁུལ་གཙོ་བོ་དག་གི་སྤྱི་ཚོགས་ངོས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབ་གཤིས་རེད། དུས་མཚུངས་སུ། ཟི་ལིང་གྲོང་ཁྱེར་ཀྱིས་གཙོ་གནད་མི་ཚོགས་ཀྱི་འཛིན་སྡོམ་ལ་ཤུགས་བསྣན་ཏེ། འགོག་རྫས་དང་ཉིང་སྐྱུར་བརྟག་དཔྱད་བྱེད་ཐེངས་ཇེ་མང་དུ་བཏང་ནས། ཚེས12ཉིན་གྱི་ཆུ་ཚོད21བར་དུ། ཁ་སང་དང་དེ་རིང་གི་གཙོ་གནད་གཅིག་བསྡུས་མི་ཚོགས་ཀྱི་ཁྲོད་མ་དཔེ་གདགས་གཤིས་ཅན28བརྟག་དཔྱད་བྱས་ཤིང་། མཇུག་འབྲས་གཞན་དག་ཚང་མ་སྲིབ་གཤིས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།