​ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། (ཨང106པ)

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། 

(ཨང106པ)

2022ལོའི་ཟླ5བའི་ཚེས12ཉིན་གྱི་ཆུ་ཚོད0ནས12བར། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ2ཇེ་མང་དུ་སོང་། 

གདགས་གཤིས་མི་སྣ1པོ། ཕོ། ལོ52། དེ་ནི་བརྡ་སྦྱོར89པ་ལས་བསྒྲགས་པའི་གདགས་གཤིས་མི་སྣ38པའི་སྐྱེས་པ་ཡིན། མཁར་དཀྱིལ་ཁུལ་གྱི་གཙོ་གནད་དོ་དམ་ཚོད་འཛིན་མི་ཚོགས་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་།

གདགས་གཤིས་མི་སྣ2པ། ཕོ། ལོ24། མཁར་ནུབ་ཁུལ་གྱི་གཙོ་གཙད་དོ་དམ་ཚོད་འཛིན་མི་ཚོགས་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་།

མིག་སྔར་གོང་གི་གདགས་གཤིས་ཅན་གྱི་ནད་པ་གཉིས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་བརྒྱུད་ལམ་ཁུངས་འདེད་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། །

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས12ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།