ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་མི་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་སྐོར་གྱི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་ཕྱོགས་གཉིས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཟླ5པའི་ཚེས9ནས་ཟླ6པའི་ཚེས10ཉིན་བར་གྱི་དུས་ཡུན་ཟླ་བ་གཅིག་ལ། གཅིག་སྡུད་སྒོས“ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་རྒྱུ་རེད།

ཐེངས་འདིའི“ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ཟླ་བ”ཞེས་པའི་བྱེད་སྒོའི་ཐོག“དྲིལ་བསྒྲགས་དང་ལྟ་སྐུལ། འཕེལ་རྒྱས། སྒྲུབ་གཉེར”སོགས་ཀྱི་བྱེད་ཐབས་སྤྱད་ནས་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་། ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས། ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་བཅས་མི་སེམས་ལ་གཤགས་པར་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་ཟླ་བའི་རིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སློབ་གྲྭ་དང་སྡེ་ཁུལ། གྲོང་གསེབ། ཁྱིམ་ཚང་བཅས་སུ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཁྲིམས་སྐྱོང་སྐོར་གྱི་རྩོམ་བསྡུ་སོགས་ཀྱི་བྱེད་སྒོ་སྤེལ་བ། དྲིལ་བསྒྲགས་འགྲེམས་པང་བཟོ་བ་དང་། འཕྲེད་འགེལ་བྱང་བུ་སྦྱོར་བ། ཁྲིམས་སྐྱོང་དྲིལ་བསྒྲགས་བརྙན་ལམ་ནས་སྟོན་པ་སོགས་ཀྱི་བྱད་ཐབས་སྤྱད་ནས“བཅའ་ཁྲིམས་གཉིས”དང་ཁྱིམ་ཚང་སློབ་གསོ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། སྤྱི་དམངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ“ནར་མ་སོན་པའི་མི་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བ”ཡི་བྱེད་སྒོ་རང་འགུལ་གྱིས་སྤེལ་ནས། “ཞིབ་བཤེར་དང་གཅེས་སྐྱོང་མཉམ་དུ་འབྱུང་བར་སྲུང་སྐྱོང་བྱེད་པའི”བཅའ་ཁྲིམས་ལྟ་སྐུལ་གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་གྱིས་ནར་མ་སོན་པའི་མི་མང་པོ་ཞིག་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཟས་རིགས་དང་སྨན་རྫས་བདེ་འཇགས་དང་། བྱིས་པའི་རོལ་རྩེད་ཁང་གི་སྒྲིག་བཀོད་བདེ་འཇགས། རྩེད་འཇོའི་རོལ་རྩེད། སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་གནད་དོན་བཅས་དང་དེ་བཞིན་གཙོ་གནད་ཁྱབ་ཁོངས་གཞན་དག་ལ་དམིགས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།