མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རིམས་ནད་སྐབས་རིན་གོང་ཧམ་སྤར་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་རིགས་ལྔ་ལ་ཆད་པ་ནན་མོ་གཅོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རིམས་ནད་འགོག་སྡོམ་བྱེད་ཕྱོགས་དང་སྲིད་ཇུས་ལ་ཁྱོན་ཡོངས་ནས་ངོས་འཛིན་གཏིང་ཟབ་དང་ཆ་ཚང་བར་བྱེད་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། མཁོ་འདོན་འགན་ལེན་དང་དངོས་ཟོག་རིན་གོང་བརྟན་འཇགས་ཡོང་བའི་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབ་པ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་སྐབས་དངོས་ཟོག་རིན་གོང་ཧམ་སྤར་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་གཏན་འཁེལ་བྱས་པའི་འབྲེལ་ཡོད་དོན་ཚན་གྱི་བརྡ་ཐོ》པར་འགྲེམས་བྱས། རིམས་ནད་འགོག་སྡོམ་སྐབས་ཁྱོན་ཡོངས་ནས་དངོས་ཟོག་རིན་གོང་བཅའ་ཁྲིམས་དང་ཁྲིམས་སྲོལ་གནད་ལ་འཁེལ་བར་བེད་སྤྱོད་ཐུབ་པར་ནན་ཏན་གྱིས་འགན་ལེན་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་རིན་གོང་ཧམ་སྤར་བྱེད་པའི་རིགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་བྱས་ནས། གཞི་རིམ་གྱི་འཐབ་ཡུལ་དང་པོའི་དངོས་ཟོག་རིན་གོང་ཁྲིམས་ལྟར་ཞིབ་བཤེར་བྱེད་པའི་བྱ་བའི་ཚད་གཞི་བཟོས།

བརྡ་ཐོའི་ནང་གསལ་བོར་བསྟན་དོན། རིམས་ནད་འགོག་སྡོམ་སྐབས་འབྲུ་རིགས་དང་ཤ་དང་ཚལ་རིགས། སྒོ་ང་དང་འོ་མ་སོགས་དམངས་འཚོའི་ཚོང་ཟོག་དང་། རིམས་འགོག་དངོས་རྫས། དེ་བཞིན་འབྲེལ་ཡོད་རྒྱུ་ཆ་ཐོན་སྐྱེད་དང་འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱེད་པའི་ཚོང་གཉེར་བྱེད་མཁན་རིགས་ལྔའི་གནས་ཚུལ་གྱི་རིན་གོང་ཇེ་མཐོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་དེ། རིན་གོང་འཕར་བའི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་དང་། ཚོང་ཟོག་ནང་འདྲེན་དང་ཕྱིར་འཚོང་རིན་གོང་བར་ཁྱད་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མ་བྱས་སྔོན་གྱི་ཉིན7གྱི་ཚོང་ཟོག་ནང་འདྲེན་དང་ཕྱིར་འཚོང་གི་ཆེས་མཐོ་བའི་རིན་གོང་བར་ཁྱད་ལས་བརྒལ་བ་དང་། ཞབས་ཞུའི་རིན་གོང་དེ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མ་བྱས་སྔོན་གྱི་ཉིན7གྱི་ཆེས་མཐོ་བའི་རིན་གོང་ལས་བརྒལ་བ། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མ་བྱས་སྔོན་གྱི་ཉིན7གྱི་ཚོང་ཟོག་དངོས་སུ་ཉོ་ཚོང་བྱས་མེད་པའམ་ཡང་ན། ཉིན7སྔོན་གྱི་ཉོ་ཚོང་དོན་དངོས་བདེན་དཔང་ལ་ཞིབ་བཤེར་བྱེད་མི་ཐུབ་པ། ཚོང་ཟོག་ནང་འདྲེན་བྱས་པའི་རིན་གོང་བར་ཁྱད་ཕྱིར་འཚོང་བྱས་པ40%ལས་བརྒལ་བ། འབེལ་ཉོ་དཀོན་འཚོང་བྱེད་པ། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གསལ་འདེབས་བྱས་ཀྱང་ད་དུང་མུ་མཐུད་དུ་འབེལ་ཉོ་དཀོན་འཚོང་བྱེད་པ་དང་། བྱེད་ཐབས་གཞན་དག་སྤྱད་ནས་དངོས་ཟོག་རིན་གོང་ཧམ་སྤར་བྱེད་པ། ཚོང་ཟོག་དང་ཞབས་ཞུའི་རིན་གོང་འཕར་བ་མགྱོགས་པ་དང་ཐལ་ཆེ་བར་སྐུལ་འདེད་བཏང་ཡོད། 

རྗེས་མར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བརྡ་ཐོའི་བླང་བྱ་གཞིར་བཟུང་། རིན་གོང་ཇེ་མཐོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་རྩད་ཆོད་རྗེས། ཁྲིམས་ལྟར་མགྱོགས་མྱུར་སྒོས་ཆད་པ་ནན་མོ་གཅོད་རྒྱུ་ཡིན། རིན་གོང་ཇེ་མཐོར་གཏོང་བར་སྣེ་ཁྲིད་མཁན་དང་། ཞིབ་བཤེར་ཐེངས་མང་བྱས་ཀྱང་ད་དུང་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་འབྱུང་བའི་ཚོང་གཉེར་མཁན། དཔེ་མཚོན་གྱོད་དཔེ་དུས་ཐོག་ཏུ་ཡོངས་བསྒྲགས་དམར་འདོན་བྱ་རྒྱུ་ཡིན་པ་མ་ཟད། ཁྲིམས་འགལ་དང་ཁ་དན་ཚིག་ལ་མི་གནས་པའི་ཚབས་ཆེའི་མིང་ཐོའི་ནང་བཅུག་ནས། ཁྲོམ་རའི་སྒྲིག་ལམ་ནན་གྱིས་སྲུང་སྐྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།