ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་དང་ན་གཞོན་འཐུས་མིས་ཐུན་མོང་སྒོས་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་་དངོས་ལ་བལྟས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ནུ་ཚོགས་པ་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིན་དང། ཞིང་ཆེན་རིམ་པའི་སྡེ་ཚོགས་ལས་བྱེད་པ། གུང་གཞོན་ཚོགས་པའི་ན་གཞོན་འཐུས་མི་བཅས་ཀྱིས་ཞིང་ཆེན་ཏང་ཨུའི་བརྙན་འཕྲིན་གྲོས་ཚོགས་ཁང་ནས་ཐུན་མོང་སྒོས་ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་བལྟས།

བརྙན་འཕྲིན་པར་རིས་ཁྲོད་འོད་ཆེམ་ཆེམ་དུ་འཕྲོ་བའི་ཚོགས་རྟགས་བར་སྣང་དུ་ལྷབ་ལྷུབ་ཏུ་བསྐྱོད་པ་དང་། དམར་མདངས་བཀྲ་བའི་དར་དམར་གཞོགས་གཉིས་སུ་བསྒྲིགས་ནས་ཚོགས་རའི་ནང་གཟབ་རྒྱས་དང་འཁྲུག་ཆ་དོད་པོ་འདུག  ཆུ་ཚོད10པ་ཏག་ཏག་ལ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་དང་བསྟུན་ནས་རྟེན་འབྲེལ་ཚོགས་ཆེན་དངོས་སུ་མགོ་བརྩམས། དེའི་སྐབས་ཚང་མས་བློ་རྩེ་གཅིག་སྒྲིམ་དང་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཉན་པ་མ་ཟད། བློ་རྩེ་གཅིག་སྒྲིམ་གྱིས་ཟིན་བྲིས་འགོད་པ་དང་གོ་བ་ཡང་དག་བླངས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བརྩེ་སེམས་ཟབ་ཅིང་མི་སེམས་ལ་སྐུལ་མ་ཐེབས་པ་དང་ཚོགས་པ་བཙུགས་ནས་ལོ་བརྒྱ་འགོར་བའི་ཚུན་གྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ན་གཞོན་མི་རབས་ནས་མི་རབས་བར་བསྐྱོད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བར་ཁྲིད་སྟོན་བྱས་པ་དང་། རང་གནས་གཞི་རྩ་དང་། ཆབ་སྲིད་ཀྱི་བླ་སྲོག ཡར་བརྩོན་གྱི་སྟོབས་ཤུགས། གསོན་ཤུགས་ཀྱི་འབྱུང་རྩ་སོགས་ཀྱི་ཐད་ནས་ན་གཞོན་ལས་དོན་གྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་དང་། དེང་རབས་གཞོན་ནུར་རེ་བ་ཟབ་མོ་བཅོལ་བ་དང་། དུས་རབས་གསར་པའི་གུང་གཞོན་ཚོགས་པའི་ལས་དོན་ལེགས་པར་སྒྲུབ་པའི་ཐད་བླང་བྱ་བཏོན་ནས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ལུས་རྩལ་པ་དང་ན་གཞོན་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་བརྩི་སྲུང་མཁོ་འདོན་བྱེད་དགོས་པར་གསུངས། 

ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། རླབས་ཆེན་གྱི་ཕུགས་བསམ་དོན་གཉེར་བྱེད་མཁན་བརྩོན་ལེན་བྱེད་པ། རླབས་ཆེན་གྱི་བྱ་གཞག་སྒྲུབ་པའི་སྟོབས་ཤུགས་གསར་པ་བརྩོན་ལེན་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་འཚོག་པར་བསུ་མ་བྱེད་དགོས་པར་བརྗོད།

ཞིང་ཆེན་གྱི་མགོ་ཁྲིད་མཱ་ཅི་ཞའོ་དང་ལིའུ་ཁྲའོ་ཡིས་མཉམ་དུ་ཚོགས་ཆེན་ལ་བལྟས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།