ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པའི་ཞིབ་འཇུག་ཚོགས་པ་བཙུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས10ཉིན་ནི་ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོ་ཐེངས་དྲུག་པ་ཡིན་ལ། ཉིན་དེར། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པའི་ཞིབ་འཇུག་ཚོགས་པ་འཛུགས་པའི་གྲོས་ཚོགས་སྐུད་ལམ་ནས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སུམ་ཅུར་ཉེ་བའི་ཚོང་རྟགས་གྲགས་ཅན་རྩ་འཛུགས་དང་མཉམ་འབྲེལ་གྱིས2022ལོའི་ཀྲུང་གོའི་ཚོང་རྟགས་གྲགས་ཅན་ཉིན་མོའི་གྲོས་འདོན་ཡི་གེའི་གྲོས་གཞི་བཏོན།

མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པའི་ཞིབ་འཇུག་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་དམངས་སྲིད་ཐིན་བཅས་ཀྱི་ཆོག་མཆན་བཀོད་པ་བརྒྱུད། སྨྱན་བྱད་དང་། འཆར་འགོད། སློབ་གསོ། ཚོང་གཉེར། ཁྱབ་སྒྲོག། ཇུས་འགོད། བརྡ་ཁྱབ། ཤེས་བྱའི་ཐོན་དབང་སོགས་ཁྱབ་ཁོངས་ཀྱི་ལས་རིགས་མི་སྣ་དང་ཁེ་ལས་ཚོང་རྟགས་གྲགས་ཅན་བཅས་ཀྱི་ཚོགས་པ་རང་མོས་ཀྱིས་གྲུབ་སྟེ། མཚོ་སྔོན་ཞིང་ཆེན་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་པར་ཞིབ་འཇུག་དང་། ལག་ལེན་མཐའ་འཁྱོལ་བྱེད་པའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་རྩ་འཛུགས་ཞིག་ཡིན། རིག་ནུས་གཅིག་བསྡུས་དང་། ཐོན་ཁུངས་སྡེབ་སྒྲིག་བྱེད་པ་གཙོར་འཛིན་ཅིང་། གཞུང་ལུགས་གསར་བ་དང་། ལག་རྩལ་གསར་བ། རྣམ་པ་གསར་བ། རྒྱུ་ལམ་གསར་བ་བརྒྱུད་དེ། མཚོ་སྔོན་ས་ཁོངས་དང་། ཁེ་ལས། ཐོན་རྫས་ཚོང་རྟགས་གྲགས་ཅན་གྱི་མཚན་སྙན་ཕན་འབྲས་ལྡན་པར་ཇེ་མཐོར་བཏང་སྟེ། མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་ཞིང་ཆེན་ཕྱི་དང་། འཛམ་གླིང་ལ་ཁྱབ་ཐུབ་པ་བྱེད་དགོས།

ཉིན་དེའི་གྲོས་ཚོགས་སྟེང་། འདེམ་བསྐོ་བརྒྱུད་ནས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་དང་མགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་ལ། རྒྱལ་ཡོངས་ཚོང་རྟགས་གྲགས་ཅན་ཚན་ཁག་རྩ་འཛུགས་མཉམ་འབྲེལ་ཚོགས་པ་དང་། ཀྲུང་གོའི་ཚོང་རྟགས་གྲགས་ཅན་དུས་དེབ། རྒྱལ་ཡོངས་ས་གནས་སོ་སོའི་ཚོང་རྟགས་རྩ་འཛུགས་དང་འགན་ཁུར་མི་སྣས་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་དང་བརྙན་ལམ་ནས་ཤིས་ཚིག་ཕུལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པའི་ཞིབ་འཇུག་ཚོགས་པ་བཙུགས་པར་རྟེན་འབྲེལ་ཞུས།

མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལུང་ཐིན་ཧྥེ་ཡིས་བཤད་རྒྱུར། ཚོང་རྟགས་གྲགས་ཅན་ནི་ལས་རིགས་ཁག་གི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ནུས་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་། མཚོ་སྔོན་གྱི་ས་བཞི་འཛུགས་བསྐྲུན་ལ་སྐུལ་འདེད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།