ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སླར་ཡང་རིམས་ནད་འགོག་སྡོམ་ལ་མ་དངུལ་སྒོར་ཁྲི90བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱུན་ལྡན་གྱི་འགྲོ་གྲོན་ཁྲོད་ནས་མ་དངུལ་སྒོར་ཁྲི90བཏང་ཞིང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དང་ཧོང་ཀྲུང་ཆུས། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། ཧོང་ཡོན་རྫོང་བཅས་ཀྱི་སྤྱི་ཁྱབ་བཟོ་ཚོགས་ཁག་སོ་སོར་སྒོར་ཁྲི20བཏང་ནས། རིམས་ནད་འགོག་སྡོམ་དང་དཀའ་ངལ་ཡོད་པའི་ལས་བཟོ་པར་རོགས་སྐྱོར་བྱས་པ་མ་ཟད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་སྒོར་ཁྲི10བཏང་ནས་དེའི་ཁོངས་གཏོགས་ཀྱི་བུ་བཅོལ་ཁང་གི་སློབ་གསོའི་སྒྲིག་གཞིའི་རིམས་ནད་འགོག་སྡོམ་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱད་པ་རེད།

མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། “དུས་གཅིག་ཏུ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་དང་འཚོ་བའི་དངོས་ཟོག་མཁོ་འདོན”དང“གཏིང་ཟབ་དང་ཞིབ་ཚགས་ཀྱི་སྒོ་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་། ཟོག་འགྲེམས་ཤར་བགྲོད། དངོས་ཟོག་མཁོ་འདོན། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེནསོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། “འཐབ་ཡུལ་དང་པོའི་ལས་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་། ནུས་ཤུགས་ཡོད་རྒུས་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ”སོགས་ཀྱི་བླང་བྱ་བཏོན་པ་མ་ཟད། བཟོ་ཚོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རིམས་ནད་འགོག་སྡོམ་བྱེད་པའི་འཐབ་ཡུལ་དང་པོའི་ལས་བཟོ་པ་དང་དཀའ་ངལ་ཡོད་པའི་ལས་བཟོ་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་བ་སྒྲུབ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ལས་བཟོ་པ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལེགས་པོ་བསྒྲུབ་པར་རོགས་རམ་བྱས།

ཟླ་བཞི་པར་རིམས་ནད་བྱུང་པ་ནས་བཟུང་། བསྡོམས་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཞི་རིམ་ལ་རིམས་ནད་འགོག་སྡོམ་ལ་མ་དངུལ་སྒོར་ཁྲི380བཏང་ནས། ས་གནས་སོ་སོའི་རིམས་ནད་འགོག་སྡོམ་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་སྐུལ་འདེད་བཏང་བ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།