ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ས་ཞིང་སྤྱི་ཆིང་ཁྲི52ལྷག་ལ་ཞིང་ལས་ཐོན་སྐྱེད་ཀྱི་སྐྱེ་དངོས་སྣ་ཚོགས་འདེབས་འཛུགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་བླང་བྱ་གལ་ཆེན་ལ་དམིགས་པ་དང་། “འབྲུ་རིགས་བརྟན་འཇགས་དང་། སྣུམ་སྣོན། སྔོ་ཚལ་མང་གཏོང”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། ས་ཞིང་འདེབས་འཛུགས་གྲུབ་ཆར་ཧུར་ཐག་གིས་ལེགས་སྒྲིག་དང་། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཚུངས་འཁུར་པ། བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་བརྟན་འཇགས་དང་མཁོ་སྤྲོད་འགན་ལེན་བཅས་བྱས་པས། དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཀྱི་མགོ་ཡག་པོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་འབྲི་ཆུའི་བཞུར་རྒྱུད་ས་ཁུལ་གྱི་འདེབས་འཛུགས་ལས་ཀ་ཕྱོགས་ཡོངས་ནས་མཇུག་བསྒྲིལ་བ་དང་། ས་ཁུལ་སྐོར་ཞིག་གི་འདེབས་འཛུགས་ཀྱང་མཇུག་བསྡུ་ལ་ཉེ་ཡོད། ཞིང་ལས་གནས་ཚུལ་བཀོད་གཏོང་ལ་གཞིགས་ན། ཟླ5པའི་ཚེས7ཉིན་བར། ཞིང་ཆེན་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་སྣ་ཚོགས་སྤྱི་ཆིང་ཁྲི52ལྷག་བཏབ་པའི་ནང་། འབྲུ་རིགས་སྐྱེ་དངོས་སྤྱི་ཆིང་ཁྲི29.07དང་། སྣུམ་རྒྱུའི་སྐྱེ་དངོས་སྤྱི་ཆིང་ཁྲི13.87། སྔོ་ཚལ་སྤྱི་ཆིང་ཁྲི3.07། སྐྱེ་དངོས་གཞན་པ་སྤྱི་ཆིང་ཁྲི6.13བཅས་ཡོད། འདེབས་འཛུགས་རྒྱ་ཁྱོན་གྱིས་ཞིང་ལས་འདེབས་འཛུགས་སྤྱིའི་རྒྱ་ཁྱོན་གྱི90%ཡན་ཟིན་ཡོད། རྨ་ཆུ་དང་ཙོང་ཆུའི་ཞིང་ཆུ་འདྲེན་ཁུལ་གྱི་སྤྱི་ཆིང་ཁྲི1.13གྱི་དགུན་གྲོ་ལ་སྙེ་མ་སྨིན་ཞིང་སྐྱེ་ཚུལ་བཟང་པོ་རེད།

རྗེས་མར། ས་གནས་སོ་སོས་རིམས་ནད་འགོག་སྡོམ་དང་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད“གཉིས་ཀར་འཐུས་ཤོར་མེད་པ”དང་། ཆར་རྗེས་ཀྱི་ས་རྒྱུའི་བཞའ་ཚན་ལེགས་པའི་གོ་སྐབས་དམ་འཛིན། དཔྱིད་རྨོ་མཇུག་བསྡུའི་ལས་ཀ་དམ་འཛིན། ལྟ་སྐུལ་མཛུབ་ཁྲིད་ཞབས་ཞུར་མུ་མཐུད་ཤུགས་སྣོན་པ་བཅས་བྱས་ནས། སྤུས་འབོར་གཉིས་ལྡན་གྱིས་འབྲུ་སྣུམ་དང་སྔོ་ཚལ་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་འགན་ལེན་བྱེད་དགོས། དུས་ལྟར་ལས་ཀའི་གཙོ་གནད་ནད་དང་འབུའི་གནོད་འཚེ་འགོག་བཅོས་བྱེད་པ་གཙོ་བོར་བྱེད་པའི་དུས་འགོའི་ཞིང་ཁར་དོ་དམ་བྱ་རྒྱུ་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་སྡེ་ཁག་རིམ་པ་སོ་སོས་ཞིང་ཁར་བསྐྱོད་དེ་ལག་རྩལ་གསོ་སྦྱོང་གི་ཞབས་ཞུར་བརྟེན་ནས། གནོད་འབུའི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས་ལྗང་མདོག་དང་འགོག་སྡོམ། མཉམ་འགོག་མཉམ་བཅོས་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་རྒྱུ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་བཏང་ནས་རང་འགུལ་ངང་གནམ་གཤིས་དང་འཕྲལ་བསྟུན་སོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དང་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་བསྣན་ཏེ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་ལས་དོན་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།