མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང7པ)

ཉེ་ཆར་རྒྱལ་ནང་གི་ས་ཁུལ་ཁག་གཅིག་ཏུ་རིམས་ནད་ཐོན་ཚད་སྔར་བཞིན་མང་པོ་ཡོད་པས་ཕྱི་ཡུལ་དུ་ཁྱབ་པའི་ཉེན་ཁ་ཅུང་ཆེན་པོ་ཡོད། “ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་ལྡོག་འཕར་འགོག་པའི”ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་ཆེད། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ཡོང(ལོག)བའི་མི་སྣའི་བདེ་ཐང་དོ་དམ་བྱེད་ཐབས་ཀྱི་འགུལ་རྣམ་ལེགས་སྒྲིག་བྱས་པ་དང་འབྲེལ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག སྙན་སེང་ཞུ་བའི་དོ་དམ་དོན་འཁྱོལ་ནན་པོ་བྱེད་དགོས། མཚོ་སྔོན་དུ་ཡོང་མཁན་ཚང་མས་ངེས་པར་དུ་ཆུ་ཚོད24ནང་སྙན་སེང་ཞུ་བ་དང་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱེད་དགོས། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་མཁན་གྱིས་སྡོད་གནས་ཁུལ་གྱི་གཞིས་ཁུལ(གྲོང་ཚོ)དང་རང་ཉིད་གནས་སའི་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་མཁན་གྱིས་དམིགས་སའི་ཁུལ(གྲོང་ཚོ)གྱི་མགྲོན་ཁང་དང་དེ་བཞིན་སྣེ་ལེན་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས། དམིགས་བསལ་གྱི་རྒྱུ་རྐྱེན་དབང་གིས་སྔོན་ལ་ཐོ་འགོད་སྙན་སེང་ཞུ་ཐབས་བྲལ་བའི་རིགས་ཀྱིས་ངེས་པར་དུ་དམིགས་སར་འབྱོར་རྗེས་ཀྱི་ཆུ་ཚོད་གཉིས་ནང་ཚུན་དུ་ཐོ་འགོད་སྙན་སེང་ཞུ་དགོས། གཞིས་ཁུལ(གྲོང་ཚོ)དང་མགྲོན་ཁང་། ལས་ཁུངས་སོགས་ཀྱིས་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཟབ་ནན་དུ་བཏང་ནས་ཐོ་འགོད་སྙན་སེང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐོ་འགོད་སྙན་སེང་ཞུ་ཐབས་ཡོངས་བསྒྲགས་བྱེེད་པ། རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་མཚོ་སྔོན་དུ་ཡོང་མཁན་ལ་གྲལ་བཤེར་བྱེད་པ། བདེ་ཐང་ཨང་རིས་དང་འགྲུལ་རིམ་ཨང་རིས་ལ་ཞིབ་བཤེར་བྱེད་པ། བདེ་ཐང་དོ་དམ་གྱི་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གཉིས། “3+2”བདེ་ཐང་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། མཚོ་སྔོན་དུ་ལོག་མཁན་མི་སྣ་ཚང་མས་གནམ་གྲུ་ཐང་དང་རླངས་འཁོར་འབབ་ཚུགས།ཞིང་ཆེན་དབར་གྱི་འགྲིམ་འགྲུལ་འཕྲང་སྒོའི་བརྟག་ཞིབ་ས་ཚིགས་སུ་ཆུ་ཚོད48རིང་གི་སྙིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་། བདེ་ཐང་ལྗང་མདོག་ཨང་རིས། འགྲུལ་རིམ་ཨང་རིས་བཅས་ལ་བརྟག་ཞིབ་བྱེད་པ་དང་འབྲེལ་གཟུགས་པོའི་དྲོད་ཚད་ལ་ལྟ་ཞིབ་བྱེད་དགོས། མཚོ་སྔོན་དུ་འབྱོར་རྗེས་ཀྱི་ཉིན3རིང་ཁྱིམ་སྡོད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་དགོས་པ་མ་ཟད་ཉིང་སྐྱུར་བརྟག་དཔྱད་ཐེངས2བྱེད་དགོས། མཚོ་སྔོན་དུ་ཐོག་མར་འབྱོར་བའི་ས་གནས་སུ་རིན་མེད་ཉིང་སྐྱུར་བརྟག་དཔྱད་བྱེད་ཐེངས་དང་པོ་བྱེད་དགོས་པ་དང་། ཉིན་གསུམ་པར་གཞིས་ཁུལ་གྱི་ལྟ་སྐུལ་འོག་ཉེ་སའི་བརྟག་དཔྱད་ས་ཚིགས་སུ་སླར་ཡང་བརྟག་དཔྱད་ཐེངས་གཅིག(ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་མི་རུང)བྱེད་དགོས། ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་འཛོམས་མེད་ཚེ་གཅིག་སྡུད་ཀྱིས་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་དགོས།

གསུམ། གཙོ་གནད་ཉེན་ཁ་ཡོད་པའི་མི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། འགྲུལ་རིམ་ཨང་རིས་ལ་རྟགས“*”ཡོད་པ་དང་ཉིན14ཡི་ནང་ས་གནས་དེ་གའི་གདགས་གཤིས་སྙན་ཞུ་གནས་ཡུལ་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར(ཐད་གཏོགས་གྲོང་ཁྱེར་ནི་ཆུས་ཡིན་པ)དུ་བསྡད་མྱོང་པའི་མི་སྣར་ཉིན5ཡི་ཁྱིམ་སྡོད་ལོགས་བཀར་གསོ་རིག་གི་ལྟ་ཞིབ་བྱེད་དགོས་པ་མ་ཟད། ཉིང་སྐྱུར་བརྟག་དཔྱད་ཐེངས3(ཉིན་1པོ་དང3པ། 5པ་བཅས་ཀྱི་ནང་བརྟག་དཔྱད་ཐེངས་རེ)བྱེད་དགོས། མཚོ་སྔོན་དུ་ཐོག་མར་འབྱོར་བའི་ས་གནས་སུ་རིན་མེད་ངང་ཉིང་སྐྱུར་བརྟག་དཔྱད་ཐེངས་དང་པོ་བྱེད་པ་དང་། ཉིན་གསུམ་པ་དང་ལྔ་པར་གཞིས་ཁུལ་གྱི་ལྟ་སྐུལ་འོག་ཐག་ཉེ་ས་ནས་སླར་ཡང་བརྟག་དཔྱད་ཐེངས་གཉིས་བྱེད(ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་མི་རུང་)དགོས་ལ། ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་འཛོམས་མེད་ཚེ་གཅིག་བསྡུས་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་དགོས། ཉེན་ཁ་ཆེ་འབྲིང་ས་ཁུལ་དང་དེ་བཞིན་གནས་སའི་རྫོང(གྲོང་ཁྱེར་དང་ཆུས། ཆི)ངམ་ཡང་ན་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་བསྡད་མྱོང་པའི་མི་སྣ་མཚོ་སྔོན་དུ་ཡོང(ཕྱིར་ལོག་པ)ཚེ། མཚོ་སྔོན་དུ་འབྱོར་རྗེས་ཉིན14ཡི་ནང་ངེས་པར་དུ་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་འབྲེལ་ཉིང་སྐྱུར་བརྟག་དཔྱད་ཐེངས5(ཉིན1པོ་དང4པ། 7པ།10པ། 14པ་བཅས་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས)བྱེད་དགོས།

བཞི། “བདེ་ཐང་ཨང་རིས”ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། “བདེ་ཐང་ཨང་རིས”ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་རྡེབ་ངོས་སུ། བཀོད་སྒྲིག་ལྟར་དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་ལེགས་འགྲུབ་མ་བྱས་པའི་མི་སྣར་ཨང་རིས་ལ་དོ་དམ་བྱས་ཏེ། དེའི་ཕྱིར་སྐྱོད་དང་བྱེད་སྒོའི་ཁྱབ་ཁོངས་ལ་ཚོད་འཛིན་བྱ་རྒྱུ་ཡིན་ལ། མཚོ་སྔོན་དུ་ཡོང(ལོག)མཁན་མི་སྣས་དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་བྱེད་པར་སྐུལ་འདེད་གཏོང་བ་དང་དྲན་སྐུལ་བྱེད་དགོས། ཨང་རིས་གློད་སྡོམ་གྱི་སྙན་ཞུ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་དོ་དམ་བྱེད་ཐབས་ལེགས་འགྲུབ་བྱས་པའི་མི་སྣའི་ཨང་རིས་དུས་ཐོག་ཏུ་བརྗེ་སྒྱུར་བྱེད་དགོས།

ལྔ། ཁྲིམས་ལྟར་འགོག་སྡོམ་གྱི་འགན་འཁྲི་ལག་བསྟར་བྱེད་དགོས། མཚོ་སྔོན་དུ་ཡོང(ལོག)མཁན་ཚོས“རང་ཉིད་ནི་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། མཚོ་སྔོན་དུ་སླེབས་རྗེས་དུས་ཐོག་ཏུ་ཐོ་འགོད་དང་ལོགས་བཀར་དོ་དམ་ཚོད་འཛིན། བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་ཧུར་ཐག་གིས་གཞོགས་འདེགས་བྱེད་དགོས། གཏན་འབེབས་ལྟར་དོན་དངོས་བཞིན་སྙན་སེང་མི་ཞུ་བ་དང་བདེ་ཐང་དོ་དམ་གྱི་བྱ་ཐབས་དོན་འཁྱོལ་མི་བྱེད་པའམ་ཡང་ན་རིམས་ནད་སྔོན་འགོག་ལ་འགོག་རྐྱེན་བཟོས་པར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།