ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(ཨང94པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང94པ)

ཉེ་སྔོན། ཟི་ལིང་གྲོང་ཁྱེར་དུ་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་བསྟུད་མར་བྱུང་བ་དང་། རིམས་ནད་འགོས་མཆེད་དུ་འགྲོ་མཚམས་ཡོངས་སུ་བཅད་མེད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱི་ནས་ནང་དུ་མཆེད་པོ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་གཟབ་ནན་དང་བྲེལ་འཚུབ། ཞིབ་ཚགས། རྣལ་མ་བཅས་ཀྱི་སྒོ་ནས་བཟང་པོར་སྒྲུབ་སྟེ། ནད་དུག་གི་འགོས་ལམ་ཕན་ནུས་ལྡན་པར་གཅོད་པ་དང་། རིམས་ནད་འགོས་མཆེད་ལ་བཀག་འགོག་ནན་མོ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ལ་ཡར་ཞུ་བྱས་ཏེ་འཐད་པ་བྱུང་བ་བརྒྱུད་ནས། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བྱས་ཏེ། 2022ལོའི་ཟླ5པའི་ཚེས10ཉིན་གྱི་ཆུ་ཚོད་གཅིག་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་ཏ་ཐུང་རྫོང་དང་། སྟོང་སྐོར་རྫོང་། མཁར་ཤར་ཁུལ། མཁར་དཀྱིལ་ཁུལ། མཁར་ནུབ་ཁུལ། མཁར་བྱང་ཁུལ། ཧོང་ཀྲུང་ཁུལ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁོངས་གཏོགས་སྲིད་འཛིན་ས་ཁོངས་བཅས་ཁོངས་ཡོངས་སུ་གཟབ་ནན་དང་བྲེལ་འཚུབ་ཀྱི་རིམས་འགོག་བྱེད་ཐབས་སྤྱོད་རྒྱུའི་ཐག་བཅད་པ་དང་། འབྲེལ་ཡོད་བླང་བྱའི་སྐོར་ནས་བརྡ་བཏང་བ་གཤམ་ལྟར།

གཅིག ཁྱིམ་སྡོད་གཞུང་སྒྲུབ་ལག་བསྟར་བྱ་དགོས། རིམས་ནད་འགོག་སྡོམ་དང་སྨན་བཅོས་མྱུར་སྐྱོབ། འཕྲལ་བསྟུན་ཉེན་སེལ། གད་སྙིགས་ཐག་གཅོད། སྲིད་འཛིན་ཁྲིམས་འཛིན། གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་ལ་ཁག་ཐེག་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་དང་ཁེ་ལས་ལས་དོན་ལས་ཁུངས། ཚོགས་པ་སོ་སོ་བཅས་ཚང་མས་ཁྱིམ་སྡོད་གཞུང་སྒྲུབ་ལག་བསྟར་བྱ་དགོས། ལས་ཁུངས་སོ་སོའི་མི་དངོས་སུ་ལས་རྐང་དུ་འབྱོར་དགོས་ཚེ། ལས་ཁུངས་དང་ཁྱིམ་བར་དུ་མི་གཞན་དང་འབྲེལ་ཐུག་མེད་པར་བྱ་དགོས་པ་དང་། ཕུར་འགྲོ་ཚུང་འོང་བྱེད་ཐེངས་ཇེ་ཉུང་དུ་གཏོང་དགོས།

གཉིས། རང་འགུལ་གྱིས་རིམས་འགོག་བྱེད་ཐབས་སྣ་ཚོགས་ལ་གཞོགས་འདེགས་བྱ་དགོས། གྲོང་ཁྱེར་ཡོངས་ཀྱི་སྡོད་དམངས་ཀྱིས་སྒེར་གྱི་འགོག་སྲུང་བཟང་པོར་སྒྲུབ་སྟེ། རྫོང་དང་ཁུལ་སོ་སོའི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གཏན་ཁེལ་བྱས་པའི་དུས་ཚོད་ནང་ཁུལ་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་དགོས།

གསུམ། སྤྱི་པའི་འགྲིམ་འགྲུལ་གྱི་འགོག་སྡོམ་ལ་ཤུགས་སྣོན་དགོས། སྡོད་དམངས་ཚོས་རང་གི་ཤ་ཉེ་གྲོགས་པོ་རྣམས་ལ་ངེས་པར་དུ་འགྲོ་མི་དགོས་ཚེ་ཟི་ལིང་ནས་ཕྱི་རུ་མི་འགྲོ་རྒྱུ་དང་ངེས་པར་དུ་ཡོང་མི་དགོས་ཚེ་ཟིང་ལིང་དུ་མི་ཡོང་རྒྱུའི་གསལ་འདེབས་བྱ་དགོས། གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས་ཀྱི་ཞིབ་བཤེར་ལ་ཤུགས་བསྣན་ནས། ཆུ་ཚོད་ཞེ་བརྒྱད་རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ངེས་པར་དུ་ཡོད་དགོས། གྲོང་ཁྱེར་ནང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ཇེ་ཉུང་དུ་གཏོང་དགོས་པ་དང་། སྒེར་གྱི་རླངས་འཁོར་ཕྱི་རུ་མི་འགྲོ་རྒྱུ་གལ་ཆེ།

བཞི། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ལ་ཚོད་འཛིན་བྱ་དགོས།

ལྔ། ཕྱོགས་བཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་དགོས། ལས་རིགས་གཙོ་འཛིན་སྡེ་ཁག་གིས་ལས་རིགས་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། རྫོང་དང་ཁུལ་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་དང་མཁོ་འདོན་འགན་སྲུང་ཁེ་ལས་ཀྱིས་མཁོ་འདོན་འགན་སྲུང་འགན་འཁྲི་ལག་བསྟར་བཟང་པོ་བྱ་དགོས་ལ། ཁེ་ལས་ལས་དོན་ལས་ཁུངས་སོ་སོ་དང་སྤྱི་ཚོགས་ཚོགས་པ་སོ་སོས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་དགོས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སྡོད་དམངས་ཀྱིས་རང་ཉིད་བདེ་ཐང་གི་འགན་ཁུར་བ་དང་པོ་ཡིན་པའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།