ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་བདུན་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྦྱོང་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀུན་ཕན་དངུལ་རྩའི་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གཅིག་བསྡུས་སྒོས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། རང་ཞིང་གི་ཀུན་ཕན་དངུལ་རྩའི་བཅོས་སྒྱུར་བྱ་བར་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་བཅོས་སྒྱུར་གྱི་ཇུས་གཞི་ལ་གྲོས་ཞིབ་བྱས།

ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་ཡན་པའེ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུས་ཚུང་ལི་དང་མཱ་ཅི་ཞའོ། ཝང་ལིས་མེན། ཝང་དབྱང་། ཀྲའོ་ཡུའེ་ཞཱ། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝའེ་ཏུང་དང་ཝང་ཏཱ་ནན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གོ་དོན་གཙོ་བོ་དང་གཞི་རྩའི་ནང་དོན། བཅོས་སྒྱུར་གྱི་ཁྲིད་ཕྱོགས་ལ་རྒྱུས་ལོན་གསལ་བོ་བྱེད་པ། བཅོས་སྒྱུར་གྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རང་ཞིང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་དང་ནོར་སྲིད་སྒྲིག་གཞི། མགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་བྲལ་སྐབས་ཀྱི་རྩིས་བཤེར། དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། ཚན་རྩལ་སྐུལ་སློང་སོགས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་འཆར་འགོད་དང་སྐུལ་འདེད་གཏོང་བ། བཅོས་སྒྱུར་རྗེས་སྙེག་བཀོད་གཏོང་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་བཅོས་སྒྱུར་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཚོ་སྔོན་ནས་ལག་བསྟར་བྱེད་དགོས་པ་མ་ཟད་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་གྱིས་རྒྱལ་ཁབ་རིམ་པའི་ཀུན་ཕན་དངུལ་རྩ་བཅོས་སྒྱུར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཆ་འཕྲིན་མཉམ་བསྲེས་སྟེགས་བུ་ལེགས་སྒྱུར་བྱེད་པ། ལྗང་མདོག་ལས་གཞིའི་མཛོད་ཞིབ་འཇུག་དང་འཛུགས་སྐྲུན་བྱེད་པ། ཞིང་ཚོང་དངུལ་ཁང་གི་བཅོས་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། དངུལ་རྩས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་པའི་རེ་བ་བཏོན།

གྲོས་ཚོགས་སྟེངམཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་གྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་སྤྱི་སྡོམ་སྙན་ཞུདངམདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་ལག་བསྟར་ཇུས་གཞི།མཚོ་སྔོན་མཐོ་སྒང་གིས་སོན་ལས་དར་སྤེལ་འགུལ་སྐྱོད་ཇུས་གཞི མཁར་གྲོང་འཛུགས་སྐྲུན་ཁྲོད་ལོ་རྒྱུས་ཀྱི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་པའི་བྱ་བའི་ལས་འགན་གཙོ་བོབཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།