ལིས་ཧུང་ཡཱ་ཡིས་མཚོ་བྱང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་ཟླ་ལྔ་པའི་ཚེས་བདུན་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དང་། མཚོ་སྔོན་ཉིང་པེ་གློག་འདོན་སྡེ་ཚོགས་ཐང་ཧུའུ་གློག་འདོན་བཟོ་གྲྭ། ཀྲུང་གོའི་རྡོ་སྣུམ་མཚོ་བྱང་ཕྱིར་འཚོང་ཡན་ལག་ཀུང་ཟིའི་ནུབ་མཚོ་སྣུམ་སྣོན་ས་ཚིགས། ཧེ་ཡན་གཞུང་ལམ་ཚད་བརྒལ་ཞིབ་བཤེར་ས་ཚིགས་བཅས་སུ་སོང་ནས། བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། མཚོ་བྱང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཙོ་བོ་དངོས་འབེབས་བྱེད་པའི་གནས་ཚུལ་སྙན་ཞུ་བྱས་པར་གསན། 

ལིས་ཧུང་ཡཱ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་སུ་འཇོག་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བྱེད་ཐབས་གཙོ་བོ་བཅོ་ལྔ་དང་རང་ཞིང་གི་བྱེད་ཐབས་སོ་གསུམ་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པ་དང་། ཞིབ་བཤེར་ཆེན་མོ་དང་དར་ཐེར་བཅོས་སྐྱོང་ཆེན་མོར་སྐུལ་འདེད་བཏང་སྟེ་མ་མཐའི་བདེ་འཇགས་ཚད་ཐིག་སྲུང་དགོས། གཉིས་ནས་མི་མངོན་པའི་རྐྱེན་ངན་ལ་རྩད་ཞིབ་སྔར་ལས་ནན་མོ་བྱེད་དགོས། ཡུལ་བབ་ཆགས་ལུགས་ཀྱི་དམིགས་བསལ་རང་བཞིན་དང་ས་གཤིས་ཆ་རྐྱེན་གྱི་རྙོག་འཛིང་རང་བཞིན་ལ་ཟུང་འབྲེལ་བྱས་ནས། ས་ཁོངས་གཙོ་བོ་དང་ཚོགས་ར་གཙོ་བོ། ས་གནས་གལ་ཆེན། མི་ཚོགས་གཙོ་བོ་བཅས་ལ་ཕྱོགས་ཡོངས་ཁྱབ་པ་དང་བཟོད་སྒོམ་གཏན་ནས་མེད་པའི་སྒོ་ནས་ཁྲིམས་བསྟར་ནན་མོ་དང་ཕན་ནུས་གཙོ་བོར་འཛིན་དགོས། གསུམ་ནས་ལེགས་བཅོས་ཀྱི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་སྐོན་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་བྱས་ནས། གསོག་ཚད་ཇེ་དམའ་རུ་གཏོང་བ་དང་འཕར་ཚད་ཚོད་འཛིན་བྱེད་པ། འགྱུར་ཚད་སྔོན་འགོག་བྱེད་པ་བཅས་རྒྱུན་འཁྱོངས་སྒོས་ཟོལ་མེད་ཀྱིས་ལེགས་བཅོས་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། བཞི་ནས་རྐྱེན་སྲོལ་འཐུས་ཚང་ཡོང་བར་སྔར་ལས་ཤུགས་སྣོན་དགོས། མིག་སྔའི་བདེ་འཇགས་ཐོན་སྐྱེད་གནས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཤིང་། མ་ལག་གི་བཅོས་སྐྱོང་དང་རྩ་བའི་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། རྒྱུན་ཆད་མེད་པར་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ལྔ་ནས་བྱ་བའི་འགན་འཁྲི་སྔར་ལས་དངོས་འབེབས་གང་ལེགས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཁག་ཐེག་མ་ལག་དང་ལྟ་རྟོག་མ་ལག འགན་འཁྲིའི་མ་ལག་བཅས་འཐུས་ཚང་དུ་བཏང་སྟེ། རིམ་པ་བཞིན་འགན་འཁྲི་དངོས་འབེབ་གང་ལེགས་བྱས་ནས། གཞི་རིམ་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བར་རྒྱལ་དར་དམངས་བདེ་ཡི་མཚོ་སྔོན་གྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་བར་བདེ་འཇགས་དང་གཏན་འཇགས་ཀྱི་མཚོ་བྱང་གི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།