ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཏ་ནན་གྱིས་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྡེ་ཁག་ལ་འཚམས་འདྲི་དང་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྡེ་ཁག་སྐོར་ཞིག་ལ་འཚམས་འདྲི་དང་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་སྨྱན་བྱད་གཙོ་བོའི་གླེང་ཕྱོགས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་བཤད་དེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས།

ཝང་ཏ་ནན་མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་མཚོ་སྔོན་སྤྱིའི་ས་ཚིགས་བཅས་ལ་སོང་ནས། བཅར་འདྲི་རྩོམ་སྒྲིག་ལྟེ་གནས་དང་སྨྱན་སྦྱོར་འཁྲབ་སྟོན་ཁང་སོགས་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ལ། གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པ་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྡེ་ཁག་གིས་དུས་ཡུན་རིང་བོར་མཐོ་སྒང་དུ་རྐང་བཙུགས་ནས་མཚོ་སྔོན་གྱི་བྱས་རྗེས་དྲིལ་སྒྲོག་བྱས་པར་གུས་འདུད་དང་བཀའ་དྲིན་ཞུས།

ཝང་ཏ་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་། དྲིན་ལན་མ་བརྗེད་པ་དང་འབད་འཐབ་མདུན་སྐྱོད་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྡེ་ཁག་གིས་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལག་ལེན་རྒྱུནད་མཐུད་ངང་དྲིལ་སྒྲོག་དང་བརྒྱུད་སྒྲོག་བྱེད་པ་དང་། དབྱངས་རྟ་གཙོ་བོ་སྒྲོག་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བའི་ཐད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། སྨྱན་བྱད་གསར་བ་དང་མཉམ་བསྲེས་ཅན། ཁྱོན་ཡོངས་དང་ཟུར་ངོས་མང་པོ་ནས་མཚོ་སྔོན་གྱི་ཁྱད་ཆོས་དྲིལ་སྒྲོག་བྱེད་པ་གཙིགས་སུ་འཛིན་པ་དང་། ཕུལ་བྱུང་གི་དཔྱད་གཞི་སྔོག་འདོན་ཟབ་མོ་བྱེད་པ། རྩོམ་ཡིག་བཟང་བོ་བྲིས་ནས། རབ་མཛེས་མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་ངོམ་དགོས། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་སྣེ་ཁྲིད་ཡང་དག་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་སྣེ་ཁྲིད་ནུས་པ། ཤན་ཤུགས། སྤྱི་རྟོན་ནུས་པ་མཐོར་འདེགས་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།