ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང87པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། 

(ཨང87པ)

ཟླ5པའི་ཚེས8ཉིན་གྱི་ཆུ་ཚོད15དང་སྐར་མ55སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ5ཇེ་མང་དུ་སོང་།

གདགས་གཤིས་མི་སྣ་ཨང23པ། མོ། ལོ18། དེ་ནི་གདགས་གཤིས་མི་སྣ་ཨང12པའི་བུ་མོ་ཡིན་ལ། ཧོང་ཀྲུང་ཆུས་ཀྱི་དོ་དམ་ཚོད་འཛིན་གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་། 

གདགས་གཤིས་མི་སྣ་ཨང24པ། མོ། ལོ39།  མཁར་ནུབ་ཁུལ་གཅིག་བསྡུས་དོ་དམ་ཚོད་འཛིན་གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་། 

གདགས་གཤིས་མི་སྣ་ཨང25པ། ཕོ། ལོ82། དེ་ནི་གདགས་གཤིས་མི་སྣ་ཨང2པའི་སྐྱེས་པ་ཡིན། མཁར་ནུབ་ཁུལ་གཅིག་བསྡུས་དོ་དམ་ཚོད་འཛིན་གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་། 

གདགས་གཤིས་མི་སྣ་ཨང26པ མོ། ལོ54། དེ་ནི་གདགས་གཤིས་མི་སྣ་ཨང8པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཡིན། མཁར་ནུབ་ཁུལ་གཅིག་བསྡུས་དོ་དམ་ཚོད་འཛིན་གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་། 

གདགས་གཤིས་མི་སྣ་ཨང27པ། མོ། ལོ14། དེ་ནི་གདགས་གཤིས་མི་སྣ་ཨང26པའི་བུ་མོ་ཡིན། མཁར་ནུབ་ཁུལ་གཅིག་བསྡུས་དོ་དམ་ཚོད་འཛིན་གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་། 

མིག་སྔར། གོང་གསལ་གྱི་གདགས་གཤིས་ཅན་གྱི་ནད་པ་གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་རིམས་ནད་ཁུངས་འདེད་སོགས་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་ཡོད། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས8ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།