ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། (ཨང85པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། 

(ཨང85པ)

ཞིང་ཆེན་དང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་བསྒྲུབ་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད་དེ། 2022ལོའི་ཟླ5པའི་ཚེས9ཉིན་ཏ་ཐུང་རྫོང་དང་མཁར་ཤར་ཁུལ། མཁར་དཀྱིལ་ཁུལ། མཁར་བྱང་ཁུལ། ཧོང་ཀྲུང་ཆུས་བཅས་སུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་ཡིན་པར་ཐག་བཅད། འབྲེལ་ཡོད་དོན་དག་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག བརྟག་དཔྱད་ཀྱི་གཞི་ཁྱོན།

1.ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་དང་མཁར་ཤར་ཁུལ།(ཏུན་ཁྲོན་བཟོ་ལས་གླིང་ཁུལ་འདུས)མཁར་དཀྱིལ་ཁུལ(ནན་ཁྲོན་བཟོ་ལས་གླིང་ཁུལ་འདུས)མཁར་བྱང་ཁུལ(སྐྱེ་དངོས་གླིང་ཁུལ་འདུས)ཧོང་ཀྲུང་ཆུས་མངའ་ཁོངས་སུ་གཏོགས་པའི་སྡོད་དམངས་ཡོངས། (རང་ས་གནས་ཀྱི་རྒྱུན་སྡོད་མི་གྲངས་དང་གནས་སྐབས་སུ་སྡོད་པའི་མི་གྲངས། གནས་སྐབས་འཁོར་སྐྱོད་མི་གྲངས། ཞོར་ལས་མི་སྣ་སོགས་འདུ)

2.ཞིང་ཆེན་གཞན་པ་ནས་ཟི་ལིང་དུ་ཡོང་བ་དང་ཕྱིར་ལོག་པའི་མི་སྣས་རང་འགུལ་གྱི་ཐོ་འགོད་བྱས་ཏེ་བརྟག་དཔྱད་དང་ལེན་བྱ་དགོས།

གཉིས། བརྟག་དཔྱད་ཀྱི་དུས་ཚོད།

2022ལོའི་ཟླ5པའི་ཚེས9ཉིན་གྱི་ཆུ་ཚོད9:00ནས་ཆུ་ཚོད15:00བར

གསུམ། མཉམ་འཇོག་བྱ་ཡུལ།

ཁུལ་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་གོང་གི་ས་ཁུལ་དེ་དག་གི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་སོགས་གཏོང་མཚམས་འཇོག་རྒྱུ་ཡིན་ཞིང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བསྟར་སྟོབས་ཤུགས་ཇེ་ཆེར་བཏང་ནས་འགྲིམ་འགྲུལ་ལ་ཞིབ་བཤེར་དང་སྣེ་ཁྲིད། བཀོད་འདོམས་བྱ་རྒྱུ་རེད།

ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ཚེ་རང་གཞན་གཉིས་ཀྱི་འཚོ་བ་དང་བདེ་ཐང་ཐད་ཤུགས་རྐྱེན་མང་པོ་བཟོ་སྲིད་པས། གནས་ལུགས་མེད་པར་རིམས་ནད་འགོག་སྡོམ་བྱ་བར་གཞོགས་འདེགས་མི་བྱེད་པའམ་བཀག་འགོག་བྱེད་པ་དང་། ཡང་ན་མཇུག་འབྲས་ཚབས་ཆེན་གཞན་པ་བཟོས་ཚེ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ5པའི་ཚེས8ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།