ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་དང་གསུང་བཤད་ཆེས་གསར་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དེ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དང་། ཧེ་ནན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན། ཀྲུང་དབྱང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན་ལ་རྟོག་དཔྱོད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་སྔོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱིས་བསམ་རྒྱ་རིང་བ་དང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་ཟབ། དེས་ང་ཚོས་རྗེས་ཕྱོགས་ཀྱི་འབྲེལ་ཡོད་བྱ་བ་བཟང་པོར་བསྒྲུབ་པར་ཁ་ཕྱོགས་བསྟན་ཡོད་པ་དང་བསྲུང་བྱ་བཏོན་ཡོད་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་སྙིང་བོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། བསམ་བློ་དང་སྦྱོར་བ་གསུང་བཤད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གཏན་ཁེལ་གཉིས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་ཚད་ཤིང་དང་། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས། སྲིད་གྲོས་ཏང་འཛུགས་ཀྱི་ཆབ་སྲིད་ཀྱི་ཁྲིད་སྟོན་བཅས་སུ་བྱས་ཏེ། མཐོ་ས་བསྐྲུན་པ་དང་ས་བཞི་འཛུག་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ལྟ་བ་འཛུགས་པ་སོགས་དཀྱིལ་སྙིང་དང་ཁྱོན་ཡོངས་ཀྱི་བྱ་བར་དམ་དུ་དམིགས་ནས་བློ་འདོན་ཇུས་འབུལ་བྱས་ཏེ། སྲིད་གྲོས་ཀྱི་གཡུལ་ས་གལ་ཆེན་དང་སྟེགས་བུ་གལ་ཆེན། ཐབས་ལམ་གལ་ཆེན་བཅས་ཀྱི་ནུས་པ་ལེགས་པར་འདོན་དགོས། བརྟན་བརླིང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་སྤྱོད་གཙང་ཚུལ་བཟང་གི་ཆབ་སྲིད་ཁོར་ཡུག རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་བཅས་སྲུང་འཛིན་བྱེད་པར་དམིགས་ནས། སྐྱོད་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་མཉམ་ཤུགས་ཆེན་པོ་རྒྱ་ཆེར་གཅིག་ཏུ་བསྡུས་ནས། བྱ་སྤྱོད་དངོས་ལས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཉེ་དུས་ཀྱི་བྱ་བའི་ཆོད་དོན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཉན། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བདེ་སྡོད་ཉེན་བསམ་གྱི་འདུ་ཤེས་བཙུགས་ཏེ། རིམས་ནད་འགོག་སྡོམ་དང་བདེ་འཇགས་དོ་དམ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་པོ་བྱེད་པ་ང་། ཉེན་ཁ་སྣ་ཚོགས་མཐའ་གཅིག་ཏུ་སེལ་ནས། ལས་ཁུངས་བདེ་འཇགས་དང་ཕན་འབྲས་ལྡན་པར་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

མཱ་ཅི་ཞའོ་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ལིས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།