ཞིང་ཆེན་དང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། ཞིབ་འཇུག་བྱས་པ་བརྒྱུད་དེ། 2022ལོའི་ཟླ5པའི་ཚེས8ཉིན་དང་། ཟླ5པའི་ཚེས10ཉིན་གཉིས་ལ་ཁུལ་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུའི་ཐག་བཅད། འབྲེལ་ཡོད་དོན་དག་སྐོར་ནས་བརྡ་བཏང་བ་གཤམ་ལྟར།
གཅིག བརྟག་དཔྱད་ཀྱི་གཞི་ཁྱོན།
ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཁོངས་སུ་གཏོགས་པའི་སྡོད་དམངས་ཡོངས། རང་ས་གནས་ཀྱི་རྒྱུན་སྡོད་མི་གྲངས་དང་། གནས་སྐབས་སུ་སྡོད་པའི་མི་གྲངས། གནས་སྐབས་འཁོར་སྐྱོད་མི་གྲངས། ཞོར་ལས་མི་སྣ་སོགས་འདུ།
ཞིང་ཆེན་གཞན་པ་ནས་ཟི་ལིང་དུ་ཡོང་བ་དང་ཕྱིར་ལོག་པའི་མི་སྣས་རང་འགུལ་གྱི་ཐོ་འགོད་བྱས་ཏེ་བརྟག་དཔྱད་དང་ལེན་བྱ་དགོས།
གཉིས། བརྟག་དཔྱད་ཀྱི་དུས་ཚོད།
2022ལོའི་ཟླ5པའི་ཚེས8ཉིན་དང་ཟླ5པའི་ཚེས10ཉིན་གྱི་ཆུ་ཚོད་བརྒྱད་ནས་ཆུ་ཚོད་བཅུ་གཉིས་བར།
གསུམ། མཉམ་འཇོག་བྱ་ཡུལ།
ཁུལ་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་ལ། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་སོགས་མཁར་ནུབ་ཁུལ་གྱི་ཕྱི་རུ་འགྲོ་མི་ཆོག ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། ཁུལ་ཡོངས་ཀྱི་རྒྱ་ཆེའི་སྡོད་དམངས་ཀྱིས་གཏན་ཁེལ་གྱི་དུས་ཚོད་ནང་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་དང་། འགྲིམ་འགྲུལ་བཀག་སྡོམ་མ་གློད་པའི་སྔོན་ལ་ཁུལ་ཁོངས་མི་བརྒལ་བ་དང་། ཕྱི་རོལ་དུ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ་བཅས་བྱ་དགོས།
ཉིང་སྐྱུར་བརྟག་དཔྱད་ལ་མ་ཞུགས་ཚེ་རང་གཞན་གཉིས་ཀྱི་འཚོ་བ་དང་བདེ་ཐང་ཐད་ཤུགས་རྐྱེན་མང་པོ་བཟོ་སྲིད་པས། གནས་ལུགས་མེད་པར་རིམས་ནད་འགོག་སྡོམ་བྱ་བར་གཞོགས་འདེགས་མི་བྱེད་པའམ་བཀག་འགོག་བྱེད་པ་དང་། ཡང་ན་མཇུག་འབྲས་ཚབས་ཆེན་གཞན་པ་བཟོས་ཚེ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།
ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཁུལ་ཁོངས་ཀྱི་སྣ་འཛོམས་ཚོང་ཁང་དང་ཞིང་ལས་རྒྱུ་ཆའི་ཁྲོམ་ར། སྟབས་བདེའི་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་ཀྱི་ཚོང་གཉེར་དུས་ཚོད་ནི་ཆུ་ཚོད་བཅུ་བཞི་ནས་ཉེར་གཉིས་བར་ཡིན།
ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ནས།
2022ལོའི་ཟླ5པའི་ཚེས8ཉིན།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟི་ལིང་མཁར་ནུབ་ཁུལ་དུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུའི་བརྡ་ཁྱབ།