ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང78པ)

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།

(ཨང78པ)

གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ནད་དུག་འགོས་ཁྱབ་ཀྱི་ཉེན་ཁ་དུས་ཐོག་ཏུ་བཀག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》དང《ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད། 2022ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད15ནས་ཟླ5བའི་ཚེས10ཉིན་གྱི་ཆུ་ཚོད24བར་དུ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱིས་འཇགས་རྣམ་དོ་དམ་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིནལ།  འབྲེལ་ཡོད་བླང་བྱ་གཤམ་གསལ་ལྟར།

གཅིག མཁར་ནུབ་ཁུལ་མངའ་ཁོངས་ཀྱི་སྡོད་དམངས་ཀྱིས་འགུལ་རྣམ་དོ་དམ་གྱི་གཏན་ཁེལ་བརྩི་སྲུང་ནན་བྱ་དགོས་ལ། ཉིང་སྐྱུར་བརྟག་དཔྱད་དང་སྨན་བཅོས་སོགས་དམིགས་བསལ་དགོས་མཁོ་མེད་ཚེ། སྒོ་ཕྱི་རུ་མི་འགྲོ་བ་དང་འདུ་འཛོམས་མི་བྱེད་པ། མི་མང་ཚོགས་སར་མི་འགྲོ་བ་བཅས་བྱ་དགོས། སྡེ་ཁུལ་དང་སྡེ་བ་སོ་སོས་སྡོད་དམངས་ཕྱིར་ཚོང་རྒྱག་ཏུ་འགྲོ་བའི་དུས་ཚོད་འོས་འཚམ་གྱིས་བཀོད་སྒྲིག་བྱ་དགོས་པ་དང་། སྡོད་དམངས་ཀྱིས་དུས་ཚོད་བསྣོལ་ནས་ཐག་ཉེ་རུ་འཚོ་བའི་མཁོ་ཆས་ཉོ་བར་ཁྲིད་སྟོན་བྱེད་པ་དང་། ཉིན་གཉིས་རེའི་ནང་ཐེངས་གཅིག་ལ་ཚོང་རྒྱག་ཏུ་འགྲོ་བ་དང་། ཐེངས་གཅིག་ལ་དུས་ཚོད་གཉིས་ལས་མི་བརྒལ་བར་བྱ་དགོས།

གཉིས། སྡོད་དམངས་ཀྱིས་སྒེར་གྱི་འགོག་སྲུང་བཟང་པོར་བསྒྲུབ་སྟེ། གཏན་ཁེལ་གྱི་དུས་ཚོད་ནང་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་ལ། ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་མྱུར་དུ་ཕྱིར་ལོག་པ་ལས་འདུ་འཚོམས་བྱ་མི་རུང་།

གསུམ། ཆུ་གློག་རླངས་དྲོད་སོགས་གྲོང་ཁྱེར་འཁོར་སྐྱོད་འགན་སྲུང་ལས་རིགས་དང་། བསྟུད་མར་ཐོན་སྐྱེད་བྱེད་དགོས་པའི་ཁེ་ལས་ལས་ཁུངས། ད་དུང་རྫོང་ཚོང་དོན་དང་ཁྲོམ་ར་ལྟ་སྐུལ་དོ་དམ། འཕྲོད་བསྟེན་སྡེ་ཁག་སོགས་ཀྱིས་གཏན་ཁེལ་བྱས་པའི་སྡོད་དམངས་ཀྱི་གཞི་རྩའི་དགོས་མཁོར་འགན་སྲུང་བྱེད་པ་དང་ཆ་རྐྱེན་ལྡན་པའི་སྣ་འཛོམས་ཚོང་ར་དང་ཚོང་ཁང་། ཞིང་ལས་རྒྱུ་ཆའི་ཁྲོམ་ར། སྨན་རྫས་ཚོང་ཁང་། སྨན་བཅོས་ལས་ཁུངས་བཅས་ལ་གཞན་པའི་ཚོང་གཉེར་རང་བཞིན་གྱི་གནས་ཡུལ་ཚང་མས་ཚོང་གཉེར་མཚམས་འཇོག་དགོས། ཚོང་གཉེར་ཆོག་པར་བྱས་པ་དག་གིས་ཚོང་གཉེར་གྱི་དུས་ཚོད་འོས་འཚམ་གྱིས་ཇེ་རིང་དུ་གཏོང་བ་དང་། ཚོང་གཉེར་གྱི་སྐབས་སུ་དུག་སེལ་བྱེད་པ་དང་། ཨང་རིས་བཤེར་བ། ལུས་དྲོད་འཇལ་བ། ཁ་ཐུམ་རྒྱག་པ། མི་ཚོགས་ལ་ཚོད་འཛིན་བྱེད་པ་དང་སྔ་རྗེས་བསྣོལ་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས།

བཞི། སྨན་བཅོས་དང་དམངས་འཚོ། ནུས་ཁུངས། ཞིང་ལས་དངོས་རྫས་སོགས་དང་འབྲེལ་བ་ཡོད་པའི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་ཡོངས་སུ་ཤར་གཏོང་བྱེད་དགོས་ཤིང་། ངེས་པར་དུ་མཁར་ནུབ་ཁུལ་དུ་འགྲོ་དགོས་པའི་རླངས་འཁོར་ལ་བླངས་བྱ་ལྟར་ཞིབ་བཤེར་དང་ཐོ་འགོད་བྱེད་དགོས། ས་ཚིགས་གཉིས་དང་ལམ་ཐིག་གཅིག་གི་རྩ་དོན་ལྟར་ཐད་ཀར་དངོས་ཟོག་སྐྱེལ་འདྲེན་བྱ་ཡུལ་དུ་འགྲོ་དགོས་ཤིང་། ལམ་བར་དུ་མི་གཞན་དག་དང་འབྲེལ་འདྲིས་བྱེད་མི་རུང་།

ལྔ། མཁར་ནུབ་ཁུལ་ནང་ཁུལ་གྱི་ལས་དོན་ལས་ཁུངས་རྒྱུན་ལྡན་འཁོར་སྐྱོད་བྱེད་དགོས་ཤིང་། ཁྱིམ་ནས་གཞུང་ལས་སྒྲུབ་པ་དང་རྒྱང་བསྟེན་ལས་སྒྲུབ། ལས་ཁུངས་སུ་ཞག་སྡོད་བྱེད་པར་སྐུལ་སློང་བྱས་ཏེ། གཞུང་སྒྲུབ་བྱ་ཡུལ་གྱི་མི་གྲངས་ཚོད་འཛིན་བྱེད་དགོས་མ་ཟད། ཕན་ཚུན་ཐུག་འཕྲད་བྱེད་ཚད་ཇེ་ཉུང་དུ་བཏང་ནས། རླུང་རྒྱུ་བ་དང་དུག་སེལ་པ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས།

དྲུག དམངས་འཚོར་འགན་སྲུང་བྱེད་པའི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་བཟོ་བ་དང་རིམས་ནད་འགོག་སྡོམ་ཁྲོད་ཞུགས་པའི་རིམས་འགོག་མི་སྣ་དང་དང་བླངས་པ། ཉེན་རྟོག་པ་བཅས་ཀྱིས་ངེས་པར་དུ་ནུས་ལྡན་དཔང་ཡིག་དང་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས་པ་མ་ཟད། ཨང་རིས་བཤེར་འཇལ་དང་ལུས་དྲོད་འཇལ་རྗེས་ད་གཟོད་འགོག་ཡུལ་དུ་བརྒྱུད་ཆོག་པ་ཡིན།

བདུན། འགུལ་རྣམ་དོ་དམ་བྱེད་ཐབས་ལག་བསྟར་གནས་ཚུལ་ལ་ཆུ་ཚོད24རིང་ལྟ་རྟོག་དང་སྐོར་ཞིབ་བྱ་རྒྱུ་ཡིན་པ་དང་། སྲང་ལམ་དང་སྡེ་ཁུལ། ཐོག་ཁང་། ཁྱིམ་ཚང་། ཚོང་ཁང་རིགས་སོ་སོར་ཡོངས་སུ་ཁྱབ་པ་ལག་བསྟར་བྱས་ཏེ། འགུལ་རྣམ་དོ་དམ་གྱི་སྐབས་སུ་རང་འདོད་ལྟར་ཡར་མར་ལ་འགྲོ་བ་སོགས་ཀྱི་བྱ་སྤྱོད་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་པ་དང་། འགུལ་རྣམ་དོ་དམ་གྱི་བླང་བྱ་དང་འགལ་བའི་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་དང་། ཁྲིམས་དང་འགལ་ཚེ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

བརྒྱད། འགུལ་རྣམ་དོ་དམ་མངའ་ཁོངས་སུ་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་བཅས་འཁོར་སྐྱོད་བྱེད་མཚམས་འཇོག་རྒྱུ་ཡིན་ལ། རིམས་ནད་འགོག་སྡོམ་དང་སྨན་པར་སྟོན་པ། འཚོ་བའི་འགན་སྲུང་། གྲོང་ཁྱེར་འཁོར་སྐྱོད། འཕྲལ་བསྟུན་ཐག་གཅོད། གསར་འགྱུར་སྨྱན་བྱད་སོགས་ཀྱི་འབྲེལ་ཡོད་རླངས་འཁོར་ལ་མཁར་ནུབ་ཁུལ་སྲིད་གཞུང་དང་ཡང་ན་ལས་རིགས་སོ་སོའི་དོ་དམ་སྡེ་ཁག་གིས་ཞིབ་དཔྱད་བྱས་རྗེས་ད་གཟོད་འགྲོ་ཆོག་ལ། རླངས་འཁོར་གཞན་དག་དགོས་གལ་མི་ཆེ་ན་གཞུང་ལམ་སྟེང་འགྲོ་མི་རུང་།

དགུ “ཕྱོགས་བཞིའི་འགན་འཁྲི”དངོས་འབེབས་ནན་མོ་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་རིམས་འགོག་འགན་འཁྲི་དངོས་འབེབས་བྱེད་དགོས། སྲང་ལམ་དང་སྡེ་ཁུལ་གྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། གཞིས་ཁུལ་གྱི་འཛིན་སྡོམ་བྱེད་ཐབས་དངོས་འབེབས་ཞིབ་མོ་བྱེད་དགོས།

བཅུ། མངའ་ཁུལ་གྱི་སྡོད་དམངས་ལ་གལ་ཏེ་བྲེལ་མྱུར་ངང་སྨན་པར་བསྟེན་དགོས་པའི་དམིགས་བསལ་དགོས་མཁོ་ཡོད་ན། སྡོད་གནས་ཡོད་སའི་སྡེ་ཁུལ་ལ་ཡར་ཞུ་བྱས་ཏེ། སྡེ་ཁུལ་གྱིས་གོང་རིམ་སྡེ་ཁག་ལ་སྙན་སེང་ཞུས་རྗེས་ད་གཟོད་འགྲོ་ཆོག་པ་ཡིན། ཛ་དྲག་གནས་ཚུལ་ཡོད་ན6112345དམངས་བདེ་ཞབས་ཞུ་ཁ་པར་བརྒྱབ་ནས་རོགས་སྐྱོར་རེ་ཞུ་བྱས་ཆོག

མཁར་ནུབ་ཁུལ་ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་གྲོགས་པོ་རྣམས་ཀྱིས་ཤེས་རྟོགས་དང་གཞོགས་འདེགས་བྱེད་རོགས་གནོངས། ང་ཚོས་རྡོག་རྩ་གཅིག་དྲིལ་དང་སེམས་ཤུགས་གཅིག་ཏུ་བསྡུས་ན་བདེ་འཇགས་དང་བདེ་ཐང་གི་འཚོ་བའི་ཁོར་ཡུག་བསྐྲུན་སྲིད་ལ། སྔ་མོ་ནས་སྐོར་རིམ་གསར་བའི་རིམས་ནད་འགོག་སྡོམ་དམག་འཐབ་ཀྱི་རྒྱལ་ཁ་ལེན་ངེས་ཡིན། 

ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས7ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།