ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན་རྒྱས་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན་རྒྱས་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི2021ལོའི་བྱ་བ་ཁག་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང2022ལོའི་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་བསྡུ་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་གྲོས་འཆམ་བྱུང་།

ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཏུང་ཅེ་ཡིས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན་རྒྱས་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བྱ་བའི་སྙན་ཞུ་ཕུལ། སྙན་ཞུའི་ཁྲོད་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་གཏོད་རང་བཞིན་གྱི་འགྱུར་བ་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཁྱབ་ངང་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། བྱ་བའི་གཙོ་གནད་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་པ། ལངས་གནས་མཐོ་བ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ། ཁྲིད་སྟོན་མི་ནོར་བ་དང་རྩོམ་རིག་སྒྱུ་རྩལ་གྱི་གསར་རྩོམ་གྲུབ་འབྲས་ཕུན་སུམ་ཚོགས་པ། རྒྱང་རིང་ལ་དམིགས་པ་དང་འཇོན་མིའི་དཔུང་སྡེ་མུ་མཐུད་དུ་རྒྱ་བསྐྱེད། 

ཤེས་རྟོགས་བྱུང་བ་ལྟར་ན། 2022ལོར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་གཙོ་ཐིག་ཏུ་བྱས་ཏེ། རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དག་སྲུང་གསར་གཏོད་བྱེད་དགོས། མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་རྐང་ཚུགས་པར་བྱས་ནས་རྩོམ་རིག་སྒྱུ་རྩལ་གསར་གཏོད་ཐད་སེམས་ཤུགས་འདོན་པ་དང་། མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། རང་འགུལ་སྒོས་ཁག་ཁུར་དང་བྱས་རྗེས་བཞག་ནས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།