ཀྲུང་གོ་བོད་ཀྱི་དྲ་བ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པའི་འཇོན་མིའི་ལས་གཞིའི་ཚོང་གཏམ་གྲོས་ཚོགས་སྐབས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པའི་འཇོན་མིའི་ལས་གཞིའི་ཚོང་གཏམ་གྲོས་ཚོགས་སྐབས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།

གྲོས་ཚོགས་ནས་བསྟན་དོན། གནད་འཁེལ་འདུ་ཤེས་ཆགས་པར་བྱས་ཏེ། དགོས་མཁོ་མཛུབ་སྟོན་དུ་འཛིན་པའི་གནད་འཁེལ་འཇོན་མི་ནང་འདྲེན་མ་དཔེ་འཛུགས་པ་དང་། ཆུ་ཚད་མཐོ་ཞིང་སྤུས་ཚད་མཐོ་བའི་ལས་གཞིས་སྣེ་ཁྲིད་བྱེད་པ། བྱང་ཚད་མཐོ་བའི་འཇོན་མིས་རོགས་འདེགས་བྱས་ནས། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་ནུས་པ་གང་ཡོད་འདོན་དགོས། ལས་གཞིའི་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  དངོས་གཉེར་བདེན་འཚོལ་སྒོས་འཇོན་མིའི་ལས་སྐྲུན་རོགས་སྐྱོར་དང་ཚན་ཞིབ་སྒྲིག་སྦྱོར། ཚོགས་པའི་རྒྱབ་སྐྱོར་སོགས་ཕྱོགས་ཀྱི་སྲིད་ཇུས་དགོས་མཁོ་ལ་ཞིབ་འཇུག་བྱེད་པ། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཆེས་ལེགས་པའི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་འཇོན་མིའི་སྲིད་ཇུས་ཀྱི་གཤེར་འདྲེན་ཕན་འབྲས་ཆགས་པར་བྱེད་པ་དང་འཇོན་མི་ནང་འདྲེན་བྱེད་ཐུབ་པ་དང་འདུག་འདོད་པ། བཀོལ་སྤྱོད་བཟང་བོ་བྱེད་པ་འགན་སྲུང་བྱེད་དགོས།

གྲོས་ཚོགས་ནས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འགན་འཁྲིའི་ཁག་ཁུར་དང་ལེན་བྱས་ཏེ། ཧུར་ཐག་སྒོས་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་མཐུན་སྦྱོར་རོགས་ལས་དང་གཞོགས་འདེགས་དམ་པོ་བྱེད་པ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ཏན་ཏན་ཏིག་ཏིག་སྒོས་རིམས་ནད་འགོག་སྡོམ་དང་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། གཟབ་ནན་དང་ཞིབ་ཕྲ་སྒོས་རིམས་ནད་འགོག་སྡོམ་གྱི་རེ་བ་སྣ་ཚོགས་དངོས་འབེབས་བྱས་ནས། ནོར་འཛོལ་དང་ཆད་ལྷག་ཅི་ཡང་མེད་པར་བྱེད་དགོས། ཕྱོགས་མང་པོ་ནས་འཇོན་མིའི་ལས་གཞིའི་དཔེ་སྟོན་དྲིལ་སྒྲོག་གཏིང་ཟབ་སྤེལ་བ་དང་། རྒྱུན་མཐུད་སྒོས་འཇོན་མི་དགའ་བ་དང་འཇོན་མི་གསོ་སྐྱོང་བྱེད་པ། འཇོན་མི་བཀོལ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།