ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང78པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང78པ)

ཟླ5པའི་ཚེས6ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཅན1གསར་དུ་བྱུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཕྱོགས་བསྡུས་དཔྱད་དཔོག་ཞིབ་བསྡུར་བྱས་པ་བརྒྱུད། ནད་པ་དེའི་སྡོད་གནས་དང་ལམ་བར་བརྒྱུད་པའི་མཁར་ནུབ་ཁུལ་གྱི་ཀི་ལིན་ལན་ཅོན་གཞིས་ཁུལ་དང་། ཧྲི་ཐོང་གོ་ཅིས་གཞིས་ཁུལ། ཧོས་ཉིན་ལམ་གྱི་དབྱང་ཅ་ཀྲེ་གཞིས་ཁུལ་སོགས་གཙོ་གནད་ས་ཁོངས་སུ་བཀག་སྡོམ་དོ་དམ་བྱ་རྒྱུ་ཡིན་ལ། འབྲེལ་ཡོད་བརྡ་སྦྱོར་གཤམ་གསལ་ལྟར། 

1.མཁར་ནུབ་ཁུལ་གྱི་ཀི་ལིན་ལན་ཅོན་གཞིས་ཁུལ་དང་། ཧྲི་ཐོང་གོ་ཅིས་གཞིས་ཁུལ། ཧོས་ཉིན་ལམ་གྱི་དབྱང་ཅ་ཀྲེ་གཞིས་ཁུལ་བཅས་སུ་ས་ཁོངས་བཀག་སྡོམ་ལག་བསྟར་བྱས་ཏེ། མི་སྣ་གཅིག་བསྡུས་ལོགས་བཀར་བྱེད་པ་དང་གཞིས་ཁུལ་དུ་དུག་སེལ་བྱ་རྒྱུ།

2.བཀག་སྡོམ་ས་ཁོངས་ཀྱི་གྲོང་མིས“ས་ཁོངས་བཀག་སྡོམ་དང་། ཕྱིར་མི་སྐྱོད་པ། སྒོ་རྩར་ཞབས་འདེགས་སྒྲུབ་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་བཀག་སྡོམ་དོ་དམ་བྱེད་པ་དང་། མི་སྣ་ནང་དུ་འཛུལ་བ་ལས་ཕྱིར་མི་སྐྱོད་པ་དང་། འཚོ་བའི་དངོས་ཟོག་འགན་སྲུང་རླངས་འཁོར་ལ་གཅིག་གྱུར་ཚད་ལྡན་ངང་དོ་དམ་བྱེད་པ། གྲོང་མི་ཁྱིམ་དུ་བསྡད་ནས་ལོགས་བཀར་བྱེད་པ་དང་ཕྱིར་མི་སྐྱོད་པ་ལག་བསྟར་ནན་མོ་བྱ་རྒྱུ།

3.གྲོང་མིར་མྱུར་སྐྱོབ་སྨན་བཅོས་བྱེད་དགོས་པ་སོགས་ཀྱི་དབང་གིས་ཕྱིར་སྐྱོད་དགོས་ཚེ། ངེས་པར་དུ་གཞིས་ཁུལ་དུ་ཞིབ་བཤེར་ཐོ་འགོད་བྱས་རྗེས་ཆེད་མིའི་ཆེད་མངགས་རླངས་འཁོར་བཀོད་སྒྲིག་བྱས་ཏེ། བརྒྱུད་རིམ་ཧྲིལ་བོར་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་ཕྱོགས་ཡོངས་ནས་བཀག་སྡོམ་དོ་དམ་དོན་འཁྱོལ་བྱ་རྒྱུ། །

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ5པའི་ཚེས7ཉིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།