ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཆེད་དོན་བྱ་བའི་སྒྲིག་སྲོལ་གྱི་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལྟ་ཞིབ་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན་བྱ་བའི་སྒྲིག་སྲོལ་གྱི་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་ཨུའི་ལྟ་ཞིབ་ལས་དོན་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ན་ནིང་གི་ལས་དོན་ཕྱོགས་སྡོམ་དང་ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་བཅས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཡུས་ཚུང་ལེ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ལྟ་བཤེར་ལས་དོན་སྐོར་གྱི་བླང་བྱ་གསར་ཤོས་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ཆབ་སྲིད་ཀྱི་ལོ་གལ་ཆེན་འདིར་ཏང་ཨུའི་ལྟ་ཞིབ་ལས་དོན་ལ་དམ་འཛིན་བཟང་པོ་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་གསལ་པོར་ཤེས་པ་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་དང་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བྱས་ཏེ“ཅི་ཞིག་ལ་ལྟ་སྐུལ་བྱེད་པའི”ལས་འགན་མ་ལག་ཕྱོགས་ཡོངས་ནས་དམ་འཛིན་དང་། “ཇི་ལྟར་ལྟ་སྐུལ་བྱེད་དགོས་པའི”དོན་དངོས་ཀྱི་བྱེད་ཐབས་དངོས་སུ་ཞིབ་ཚགས་སུ་གཏོང་བ། “སུས་ལྟ་སྐུལ་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་རྒྱུན་མཐུད་ངང་ཇེ་ནན་དུ་གཏོང་དགོས། “སྔར་ལས་ལྷག་པའི་མཐོང་ཆེན་གསུམ”ལ་དམིགས་ནས་ཆེད་དོན་ལས་དོན་ལ་ནན་གྱིས་སྐུལ་འདེད་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན། རྒྱུན་གཏན་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། ཕུགས་ཕན་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས། །

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།