ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བརྒྱད་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བརྒྱད་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། ཚོགས་འདུའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། སླར་ཡང་བཀོད་སྒྲིག་དང་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལེ་གྲོས་ཚོགས་སུ་ཞུགས་ནས་འབྲེལ་ཡོད་གསུང་བཤད་གནང་།

ཡུས་ཚུང་ལེ་ཡིས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བརྒྱད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོག་པར་བསུ་བ་ཞུ་བའི་དུས་སྐབས་གལ་ཆེན་ཞིག་དང་། མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད། གྲ་སྒྲིག་ཚན་ཆུང་ཁག་དང་ཕྱོགས་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱེད་པ། ཁྲིམས་ལྟར་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་དཀྲིས་པའི་ལས་འགན་གལ་ཆེན་བདེ་བླག་ངང་ལེགས་འགྲུབ་བྱེད་དགོས། 

ཡུས་ཚུང་ལེ་ཡིས་ནན་གྱིས་བསྟན་དོན། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས། ཚོགས་པའི་འདུ་ཤེས་བཅས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། “གཟབ་ནན་དང་ཞིབ་ཚགས། དོན་དངོས”བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས་རྣམ་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་གསོད་དང་། འགན་འཁྲི་ཇེ་ནན་དུ་གཏོང་བ། རིམས་ནད་སྔོན་འགོག་གི་ཉེན་ཁར་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ། འབྲེལ་གཏུག་ལ་ཤུགས་སྣོན་པ། བྱ་བའི་མཉམ་ཤུགས་ཆགས་པ། བྱ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། བྱ་བའི་འགན་འཁྲི་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་དོན་འཁྱོལ་ཐུབ་པ་བྱས་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བརྒྱད་པ་བདེ་འཇགས་ངང་འཚོག་ཆེད་ནུས་པ་མཐོ་བའི་ཞབས་ཞུའི་འགན་ལེན་མཁོ་འདོན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།