ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་གུང་གསེང་སྐབས་སུ་མཚོ་སྔོན་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་འགྲིམ་འགྲུལ་རྣམ་གྲངས25ལ་མ་དངུལ་སྒོར་ཁྲི17431.1བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་སུ་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་ཀྱིས་སྤྱི་འདོམས་ཞིབ་འཇུག་འཆར་འགོད་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་རྩ་འཛུགས་ཀྱི་འཆར་གཞི་བཟོས་པ་དང་། ཡུལ་དངོས་ཀྱི་དོ་དམ་དམ་འཛིན་དང་རྣམ་གྲངས་ཀྱི་མངོན་མེད་ནུས་ཤུགས་སྔོག་འདོན། བདེ་འཇགས་ཐོན་སྐྱེད་དང་ཤར་བགྲོད་ཁག་ཐག རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གཙོ་གནད་ལས་དོན་ཁྱོན་ཡོངས་ནས་འགན་ལེན་བྱས་ཏེ། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས25ལ་མ་དངུལ་སྒོར་ཁྲི17431.1བཏང་།

རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་ཐོན་སྐྱེད་བརྟན་འཇགས་དང་གོ་རིམ་ལྡན་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་ཀྱིས་བདེ་འཇགས་དོ་དམ་ནན་མོ་བྱེད་པ་དང་། དུས་ཚོད24རིང་ལས་རེས་བརྟན་སྲུང་གི་བྱ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཆ་འཕྲིན་སྐྱེལ་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོར་བསྒྲུབས། འཛུགས་སྐྲུན་ནང་ཞུགས་པའི་ལས་ཁུངས་སོ་སོས་འགན་འཁྲི་དང་ལས་འགན་ཞིབ་ཕྲ་བཟོས་ནས། གཙོ་གནད་ལམ་དུམ་དང་གཙོ་གནད་ས་ཚིགས། དེ་བཞིན་དུས་མཚམས་གལ་ཆེན་བཅས་ལ་ཁྱོན་ཡོངས་ནས་བདེ་འཇགས་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྱི་རྩད་ཞིབ་བྱེད་པ། ཨར་ལས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། ཉེན་བརྡའི་མཚོན་རྟགས་ཚད་ལྡན་བཟོ་བ་བཅས་བྱས་ནས་བདེ་འཇགས་ཐད་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།