ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ལས་ཚབ་པ་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་ཟབ་མོ་དང་ལག་བསྟར་དོན་འཁྱོལ་བྱས། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། རང་བཟོས་ཁང་པའི་བདེ་འཇགས་རྐྱེན་ངན་གྲལ་བཤེར་དག་ཐེར་ལེགས་བཅོས་དང་རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས། 

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་སྡོད་དམངས་ཀྱི་རང་ལས་ཁང་པ་རྡུབ་པའི་དོན་རྐྱེན་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་ཙོང་ལིའི་མཆན་བཀོད་མཛུབ་སྟོན་དགོངས་དོན་དང་། ཟླ5པའི་ཚེས5ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན། ཟླ4པའི་ཚེས29ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་བརྒྱད་པ་མགོ་འཛིན་མཛད་པའི་སྐབས་ཀྱི་གསུང་བཤད་གལ་ཆེན། ཟླ4པའི་ཚེས27ཉིན་དང་ཟླ5པའི་ཚེས5ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་བརྒྱུད་སྒྲོག་བྱས། 

ཚོགས་ཐོག་ནས། 《མཚོ་སྔོན་ཞིང་ཆེན་ཀྱི2022ལོའི་སྡེབ་སྒྲིག་རྣམ་པའི་ཁྲལ་རིན་རྒྱབ་སྐྱོར་སྲིད་ཇུས་གསར་པ་དངོས་འབེབས་བྱེད་པའི་བྱེད་ཐབས་འགའ》དང《མཚོ་སྔོན་ཞིང་ཆེན་རོང་འབྲོག་པས་རང་ལས་ཁང་པའི་དོ་དམ་བྱེད་ཐབས》། 《ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་བཤམས་སྟོན་ཚོགས་འདུ་སྐབས་གཉིས་པའི་སྤྱིའི་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་། སྔར་ལས་གཞི་རྒྱ་ཆེ་བའི་སྡེབ་སྒྲིག་རྣམ་པའི་ཁྲལ་རིན་རྒྱབ་སྐྱོར་སྲིད་ཇུས་ཆད་ལུས་མེད་པར་དངོས་འབེབས་ལེགས་པོ་བྱེད་པ་དང་། སྲིད་གཞུང་ཡོང་འབབ་ཀྱི“འཐེན་རྟགས”ལ་བརྟེན་ནས་ཁེ་ལས་ཕན་འབྲས་ཀྱི“སྣོན་རྟགས”དང་ཚོང་རའི་གསོན་ཤུགས་ཀྱི“སྒྱུར་རྟགས”ཐོབ་པར་བྱེད་དགོས། འཕྲལ་ཕུགས་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ། འབྱུང་ཁུངས་བཅོས་སྐྱོང་དང་འགག་སྒོ་སྔོན་བསྣུར་ལ་མཐོང་ཆེན་བྱས་ཏེ། རོང་འབྲོག་པས་རང་ལས་ཁང་པའི་བེད་སྤྱོད་དང་དོ་དམ་ལ་ངེས་པ་དོན་གྱིས་ཤུགས་སྣོན་དགོས། གྲོན་ཆུང་དང་དངོས་གཉེར། སྤྲོ་སེམས། འཐུས་ཚང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་སེམས་ཞིབ་མོས་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན། 

ཚོགས་ཐོག་ནས། 《མཚོ་སྔོན་ཞིང་ཆེན་གློག་སྐས་བདེ་འཇགས་སྲོལ་ཡིག(མ་ཟིན)》ལ་གྲོས་ཞིབ་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་། སྔར་ལས་ལྷག་པར་བཟོ་བཅོས་འཐུས་ཚང་དུ་བཏང་རྗེས། ལས་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ནས་གྲོས་ཞིབ་འཇུག་པའི་བླང་བྱ་བཏོན། 

ཚོགས་ཐོག་ནས་དོན་དག་གཞན་ལའང་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།