ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་ཞིང་ཆེན་གྱིས“བྱ་ཐབས་ཆེན་པོ་བཞི”དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་ཞུགས་སྐུལ་འདེད་འཆར་འགོད་དོན་འཁྱོལ་ལ་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་རྒྱ་བསྐྱེད་པ། གཙོ་གནད་དམ་འཛིན་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། གསོ་སྦྱོང་ལ་ཤུགས་སྣོན་དང་བྱང་ཚད་ཇེ་མཐོར་གཏོང་བ། ཁྲིམས་འཛིན་སྲུང་སྐྱོང་ནན་མོ་བཅས་ཀྱི་ཕྱོགས4ཐད་ནས་མགོ་བརྩམས་ཏེ། སྔར་ལས་ལྷག་པར་སྤུས་ཚད་མཐོ་བའི་ལས་ཞུགས་ལ་མུ་མཐུད་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཀྱི་ཚོར་སེམས་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། དུས་རིམ་རང་བཞིན་གྱི་སྒོ་ནས་ལས་ཤོར་ལས་རྨས་འགན་བཅོལ་གྲོན་ཚད་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་དང་། ལས་གནས་བརྟན་འཇགས་ཀྱི་ལས་ཤོར་འགན་བཅོལ་ཕྱིར་སློག་སྲིད་ཇུས། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་པའི་ཁག་ཐེག་དངུལ་བུན། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བཟང་པོ་བྱེད་པ་བརྒྱུད། “ཇེ་དམའ་རུ་གཏོང་བ་དང་ཕྱིར་སློག་ཁ་གསབ”སྲིད་ཇུས་དང“སྡེབ་སྒྲིག”བཟང་པོ་བྱེད་པ། ཚོང་རའི་གསོན་ཤུགས་གཙོ་བོ་སྐུལ་སློང་བྱེད་པ། ལས་ཞུགས་བསྡུ་ལེན་ཇེ་མང་དུ་གཏོང་བའི“ཆུ་གསོག་རྫིང་བུ”ཆེ་རུ་གཏོང་བ། མཐོ་སློབ་མཐར་ཕྱིན་སློབ་མ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི། ཞིང་པ་ལས་བཟོ་བ། དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་གཙོ་གནད་ཚོགས་སྤྱི་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་ཞུགས་སྲིད་ཇུས་ཁག་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། མཁོ་སྤྲོད་དང་འབྲེལ་མཐུད་ལས་སྟེགས་གནད་དུ་འཁེལ་བར་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་ལས་ཞུགས་ལ་མཛུབ་ཁྲིད་བྱེད་པ། མི་ལ་མཁོ་བའི་དབང་གིས་ལས་ཞུགས་རོགས་སྐྱོར་བྱེད་པ། ཆེད་དོན་གདན་ཞུའི་བྱེད་སྒོ་རྩ་འཛུགས་བྱེད་པ། ཆེད་དོན་རོགས་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རིགས་སོ་སོའི་ངལ་རྩོལ་པ་ལས་ཞུགས་དང་ལས་རིགས་གསར་འབྱེད་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ཐབས་ལམ་ལ་བརྟེན་ནས་ལས་ཞུགས་བྱེད་དཀའ་བའི་རིགས་གཏན་འབེབས་ལྟར་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་ཏེ་ལས་ཞུགས་གཅིག་ཀྱང་བྱེད་ཐུབ་མེད་པའི་ཁྱིམ་ཚང་མེད་པར་འགན་ལེན་བྱས་ནས། དཀའ་ངལ་ཡོད་པའི་མི་སྣའི་དམངས་འཚོའི་ཚད་མཐའ་དོན་དངོས་དང་བསྟུན་ནས་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན། 

དེ་དང་ཆབས་ཅིག་ཁྲོམ་རའི་དགོས་མཁོར་དམིགས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས། ངལ་རྩོལ་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ལས་གནས་སུ་མ་སོང་སྔོན་དང་། ལས་གནས་དང་ལས་རིགས་བསྒྱུར་བ། ལས་གནས་རྩལ་ནུས་མཐོར་གཏོང་། ཁེ་ལས་ཀྱི་སློབ་མའི་ལམ་ལུགས་གསར་པ་སོགས་ཀྱི་གསོ་སྦྱོང་ལ་ཤུགས་འདོན་པ། ཁེ་ལས་ཀྱི་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་རྩལ་ནུས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་མི་སྣར་འདེམས་དགོས། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་སྣོན་དང་། ཐེར་འདོན་ཞུ་གཏུག་གི་ཐབས་ལམ་ཤར་གཏོང་བྱེད་པ། ཁེ་ལས་ལ་ངལ་རྩོལ་གན་རྒྱ་དང་། ངལ་རྩོལ་ཐོབ་ཆ། སྤྱི་ཚོགས་འགན་བཅོལ་འཇལ་བ། ངལ་གསོའི་གུང་གསེང་སོགས་ཀྱི་ལམ་ལུགས་ཁྲིམས་ལྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་ནན་ཏན་བྱེད་པ། གླ་ཕོགས་འགྱངས་ཆད་རྩ་བཅོས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། ཞིང་པ་ལས་བཟོ་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་བཟང་པོ་བྱེད་དགོས་པའི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།