ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཁུལ་གྱིས་བསྟུད་མར་ལོ་གསུམ་ལ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་དཔྱད་ཞིབ་ཨང་དང་པོར་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤུས་ཚད་མཐོར་འདེགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2021ལོའི་གྲོང་ཁྱེར་དང་ཁུལ་གྱི་སྤུས་ཚད་བྱ་བའི་དཔྱད་ཞིབ་ཁྲོད་མཚོ་ནུབ་ཁུལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་ཆགས་ཤིང་། འདི་ནི་མཚོ་ནུབ་ཁུལ་གྱིས་བསྟུད་མར་ལོ་གསུམ་ལ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་བྱ་བའི་དཔྱད་ཞིབ་ཨང་དང་པོར་བླངས་པ་རེད། 

མཚོ་ནུབ་ཁུལ་ནི་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ས་ཁུལ་ཡིན་ལ། ཚྭ་འདམ་གཞོང་ཁོར་རྒྱུག་དཔལ་འབྱོར་གྱི་གཙོ་ཁུལ་ཡང་ཡིན། སྤུས་ཚད་མཐོར་འདེགས་བྱ་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་སྤུས་ཚད་སྟོབས་ལྡན་ཡིན་པའི་ཁུལ་གྱི་འཐབ་ཇུས་མཐོ་ཚད་ནས། སྤུས་ཚད་བྱ་བ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་འདྲེས་སུ་བཅུག་སྟེ། སྤུས་ཚད་མཐོར་འདེགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་བར་སྒྲུབ་ཐུབ་པར་བྱས། མཚོ་ནུབ་ཁུལ་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་པས་ངོ་སྤྲད་པ་ལྟར་ན། 2021ལོའི་མཚོ་ནུབ་ཁུལ་གྱི་ཐོན་རྫས་སྤུས་ཚད་ལྟ་སྐུལ་འཐེན་ཞིབ་ཁྲོད། ཞིང་ལས་ཐོན་རྫས་དང་བཟོ་སྐྲུན་ལས་རིགས་ཐོན་རྫས་ཀྱི་སྤུས་ཚད་ཚད་ལྡན་ཡིན་ཚད95%ཡན་དུ་སླེབས་པ་དང་། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་ཕྱོགས་བསྡུས་ཚད་ལྡན་ཡིན་ཚད96%ཡན་ལ་སླེབས། ཐོན་རྫས་སྣུམ་གྱི་སྤུས་ཚད་ཚད་ལྡན་ཡིན་ཚད100%སླེབས། གཙོ་གནད་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཚད་ལྡན་ཡིན་ཚད100%དང་། སྨན་རྫས་ལྟ་སྐུལ་འཐེན་ཞིབ་ཚད་ལྡན་ཡིན་ཚད་ཀྱང100%ལ་སླེབས། 

ད་ལོར་མཚོ་ནུབ་ཁུལ་གྱིས་སྤུས་ཚད་བྱ་བའི་ལམ་སྲོལ་ངེས་པ་དོན་གྱིས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་ལྟ་རྟོག་དོ་དམ་བྱེད་ཐབས་ཞིབ་ཕྲ་བཟོ་བ། སྤུས་ཚད་བདེ་འཇགས་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་མཐོར་འདེགས་ཀྱི་མཁའ་དབུགས་ཇེ་དྲག་ཏུ་གཏང་རྒྱུ་དང་། སྤུས་ཚད་མཐོར་འདེགས་དེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་འཇུག་སྒོ་གཙོ་བོ་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱེད་ཐབས་གཙོ་བོར་བཟུང་ནས། ཆུ་ཚད་མཐོ་བའི་སྤུས་ཚད་བྱ་བས་མཚོ་ནུབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།