ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་གི་མངགས་བཅོལ་ཚབ་སྒྲུབ་ལམ་སྲོལ་ཚོད་ལྟ་ཁྱོན་ཡོངས་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་བདག་དབང་མངགས་བཅོལ་ཚབ་སྒྲུབ་ལམ་སྲོལ་ཚོད་ལྟ་ཁྱོན་ཡོངས་ནས་མགོ་བརྩམས་པ་དང་། ད་ཐེངས་ཚོད་ལྟ་བྱ་ཡུལ་གྱིས“བདག་དབང་ཚང་མ་སྤྱོད་པ་དང་དབང་ཆ་སྤྱོད་པ། འོས་འགན་སྒྲུབ་པ། འགན་འཁྲི་འཁུར་པ། ཁེ་དབང་དོན་འཁྱོལ་བྱེད་པ”བཅས་གཙོ་བོར་བྱེད་པ་དང་། བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་དབང་ཆ་གཏན་འཁེལ་ཐོ་འགོད་རྨང་གཞིར་བྱས་ནས་ཁོངས་གཏོགས་ཁ་གསལ་དང་། འགན་དབང་ཁ་གསལ། སྲུང་སྐྱོང་ནན་མོ། བཤུག་སྤྲོད་ནུས་ལྡན། ལྟ་སྐུལ་ནུས་ལྡན་བཅས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་བདག་དབང་ལམ་ལུགས་ཧུར་ཐག་གིས་བཙུགས་ཏེ། རྒྱུ་ནོར་གྱི་ནུས་མཐོའི་སྒྲིག་སྦྱོར་ལ་སྐུལ་འདེད་དང་། རྒྱུ་ནོར་རིན་ཐང་འཕར་མ་བརྟན་སྲུང་བྱེད་པ་མངོན་འགྱུར་བྱ་རྒྱུ་རེད། 

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་མངགས་བཅོལ་ཚབ་སྒྲུབ་ལམ་སྲོལ་ཚོད་ལྟའི་ལག་བསྟར་གྱི་སྤྱིའི་ཇུས་གཞི》པར་འགྲེམས་བྱས་ནས། བཅོས་བསྒྱུར་ལས་འགན་གྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་གསལ་པོར་བཟོས། དམངས་ཡོངས་ལ་དབང་བའི་ས་ཆ་དང་གཏེར་ཁ། ནགས་ཚལ། རྩྭ་ཐང་། འདམ་ར། ཆུ་དང་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིགས7ལ་དམིགས་ནས་བདག་དབང་མངགས་བཅོལ་ཚབ་སྒྲུབ་ལམ་སྲོལ་ཚོད་ལྟ་བྱས་པ་དང་། གཙོ་གནད་འཚོལ་ཞིབ་བྱ་ཡུལ་ནི་རྩྭ་ཐང་གི་ཐོན་ཁུངས་དང་འདམ་ར། ཆུའི་ཐོན་ཁུངས། རྒྱལ་ཁབ་སྤྱི་གླིང་བཅས་རེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་དམངས་ཡོངས་ལ་དབང་བའི་རྩྭ་ཐང་དང་འདམ་ར། ཆུ་བཅས་ལ་ཚོད་ལྟའི་འཚོལ་ཞིབ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཁེར་རྐྱང་ལས་ཁུངས་ལ་བརྩིས་ནས་ཚབ་སྒྲུབ་མངགས་བཅོལ་ཚོད་ལྟ་བྱས། 

དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སྙན་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ནི་བཅའ་ཁྲིམས་ལྟར་དབང་ཆ་ལག་བསྟར་བྱེད་པའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས། “སྙན་ཞུ་དང་། ཐོ་འགོད། དཔེ་རིས”བཅས་ཀྱི་ཚད་གསུམ་གཞི་གཅིག་གི་ཆེད་དོན་སྙན་ཞུའི་མ་དཔེ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱེད་ཚུལ་སྙན་ཞུ་ཞུས་པ་མ་ཟད། ཡིག་རིས་གཉིས་ལྡན་དང་ཕྱི་རོལ་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་གྲངས་འབོར་དང་། ཁྱབ་ཚུལ། སྤུས་ཚད། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ། ཐོག་དང་པོར་རྩིས་གསལ་བོར་སྤྲད་ནས་ཚན་རིག་དང་མཐུན་པའི་ལྟ་སྐུལ་དོ་དམ་གྱི་ཉམས་མྱོང་མང་པོ་བསགས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།