ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་གུང་གསེང་གི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླང་དང་བདེ་འཇགས་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་གཅིག་གུང་གསེང་གི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་སྤྱི་བདེ་པུའུ་ཡིས་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས། ནུས་ལྡན་ངང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་དང་སྒྲིག་ལམ་ཡོད་པ། བདེ་འཇགས་བཅས་ཡོང་བར་འགན་ལེན་བྱས།

དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཙིགས་སུ་བཟུང་ནས། ལས་འགན་ཡོད་དུས་སྤྱི་བདེ་སྔོན་ལ་བསྐྱོད་པའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ། དུས་ཚོད24རིང་གི་འཕྲལ་སྡོམ་ལས་རེས་དང་ལས་རེས་ཀྱི་གྲ་སྒྲིག གནད་དོན་གལ་ཆེན་སྙན་གསེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་འཐུས་ཤོར་མི་འབྱུང་བའི་འགན་ལེན་བྱས། དཔུང་ཁག་གི་བསམ་བློའི་འཁོར་ཕྱོགས་དང་དངོས་ཡོད་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་པ་དང་། མགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། ནང་ཁུལ་གྱི་བྱ་བའི་དོ་དམ་ནན་ཏན་དང་ཞིབ་ཚགས་ཀྱིས་བསྒྲུབ་པས། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཅི་ཡང་བྱུང་མེད་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།