ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་དེ་ཀུན་ཕན་དངུལ་རྩ་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིང་གི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་བརྩོན་ལེན་ཧུར་ཐག་བྱས་པས། 2022ལོའི་ཀྲུང་དབྱང་ནོར་སྲིད་ཀུན་ཕན་དངུལ་རྩ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་ཁུལ་གྱི་གྲོང་ཁྱེར་ནང་བདམས་པ་དང་། ཀུན་ཕན་དངུལ་རྩ་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི7500ཐོབ། 

ཤེས་རྟོགས་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མགོ་ཚུགས་པའི་ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་དངུལ་ཁང་ལས་རིགས་ཀྱི་བཅོལ་དངུལ་དང་དངུལ་བུན་བསྡོམས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། དངུལ་ལོར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། དངུལ་རྩའི་ལས་རིགས་དེ་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་བ་ལྟ་བུའི་ཐོན་ལས་གསར་བར་གྱུར་ཡོད། 2021ལོརGDPཡིས་བསྡུར་གྲངས13.5%ཟིན་པ་དང་། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་དང་དངུལ་བུན4.9%འཕར་ཡོད། མིག་སྔའི་བར་ཟི་ལིང་གྲོང་ཁྱེར་དུ་དངུལ་རྩའི་སྒྲིག་གཞི230ལྷག་ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་གྲངས་འབོར་གྱི75%ཡན་ཟིན་ཡོད། དངུལ་རྩའི་སྒྲིག་གཞི་ཁག་གི་བཅོལ་དངུལ་དང་དངུལ་བུན་སྒོར་དུང་ཕྱུར་ཁྲི1ལས་བརྒལ་ཏེ། ཞིང་ཆེན་ཡོངས་ཀྱི་བཅོལ་དངུལ་དང་དངུལ་བུན་གྱི་ཚད70%དང80%ཟིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།