མུ་རུ་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས5ཉིན་གྱི་སྔ་དྲོར།  མུ་རུ་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་འཕེལ་འགྲོས་གནས་ཚུལ་སྙན་ཞུར་མཉན་པ། དཀའ་ངལ་དང་གནད་དོན་གང་གནས་གསེད་པ། རྗེས་ཕྱོགས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་བཅོས་སྐྱོང་གི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། ཧྲིན་ཀྲང་ལས་ཚབ་པའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཡན་པའེ་ཚོགས་འདུར་ཕེབས། 

ཞིང་ཆེན་མགོ་ཁྲིད་ཡུས་ཚུང་ལི་དང་ཁྲིན་རོས་ཧྥིན། ཝང་ལི་མིང་། ཝང་ཝེ་ཏུང་། ཝང་དབྱང་། ཝང་ཏ་ནན། ལིའུ་ཐའོ། ལིའུ་ཁྲའོ། ལི་ཧུང་ཡ་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་བོན་དང་སོན་སྡོང་། ལུད་རྫས་བཅས་ཁ་གསབ་བྱ་བའི་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་། ལས་གཉེར་ལས་ཁུངས་ཀྱིས་བྱ་བའི་ཇུས་འགོད་ལེགས་སྒྱུར་བྱེད་པར་ལྟ་སྐུལ་བྱེད་པ། ར་སྐོར་སྒོ་སྡོམ་གསོ་སྤེལ་དང་། ཕྱུགས་འགོག མེ་འགོག་སོགས་རྗེས་བསྟུན་དོ་དམ་སྲུང་སྐྱོང་བྱ་བ་ནན་ཏན་གྱིས་ལེགས་པར་སྒྲུབ་དགོས། དག་ཐེར་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་། དུས་ལྟར་ཆད་ལྷག་སྐོང་འཐེན། རིམ་བཞིན་དག་ཐེར་ལེགས་བཅོས་དངོས་འབེབས་སྒོས། བཅོས་སྐྱོང་ཁོངས་གཏོགས་དང་ཉེ་འགྲམ་གྱི་རང་བྱུང་ཁོར་ཡུག་མཐུན་སྦྱོར་གཅིག་མཐུན་ཡོང་བར་ཁག་ཐེག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་། ཞིང་ས་དང་ཆུ་སྤུས། རྩྭ་ར། སྐྱེ་དངོས་སྲོག་ཆགས་སོགས་འགྱུར་ལྡོག་གནས་ཚུལ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་དཔྱད་དཔོག་སྙན་ཞུ་དུས་གཏན་ལྟར་འགྲུབ་པར་བྱེད་དགོས། མུ་རུ་གཏེར་ཁུལ་གྱི་ཁེ་ལས་ཕྱིར་འཐེན་བྱ་བའི་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་། གཏེར་ལས་དབང་ཆ་ཐག་གཅོད་བྱ་བ་མགྱོགས་མྱུར་གྱིས་སྤེལ་བ། ཁེ་ལས་ཕྱིར་འཐེན་གྱི་རྗེས་མཐུད་བྱ་བ་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། དངུལ་རྩའི་ཉེན་ཁར་བཤོལ་ཐབས་ཞིབ་ཕྲ་འཐུས་ཚང་དུ་གཏོང་དགོས། མ་དངུལ་བསྡུ་གསོག་སྟེང་མུ་མཐུད་ཤུགས་འདོན་པ་དང་། ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་གི་མ་དངུལ་གྱི“སྡེར་མ”སྤྱི་འདོམས་སྙོམ་སྒྲིག་བྱེད་པ། ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ལས་གཞི་ཡིག་ཐོག་སྙན་ཞུའི་རྣམ་པ་ལེགས་སྒྱུར་བྱས་ཏེ། ཀྲུང་དབྱང་ཆེད་དོན་རྒྱབ་སྐྱོར་བྱ་བའི་བྱེད་ཤུགས་བརྩོན་ལེན་ཧུར་ཐག་བྱེད་དགོས། ཞིབ་བཤེར་རྩིས་ལེན་དཔྱད་དཔོག་བྱ་བའི་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་། སྤྱིའི་ཞིབ་བཤེར་རྩིས་ལེན་ལག་བསྟར་བྱེད་ཐབས་བཟོ་བ། དུས་ཀྱི་མཚམས་ཚིགས་དང་དམ་པོར་སྦྲེལ་ནས་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཞིབ་བཤེར་རྩིས་ལེན་དང་། ཆེད་མཁས་ཚན་ཆུང་གི་སྤྱིའི་ཞིབ་བཤེར་རྩིས་ལེན། ཨང་ཐོ་གསུབ་པའི་བྱ་བ་ལེགས་འགྲུབ་བྱེད་དགོས། ཚགས་འཛུགས་ཚགས་འཇུག་བྱ་བའི་སྟེང་མུ་མཐུད་དུ་ཤུགས་འདོན་པ་དང་། དག་ཐེར་བཅོས་སྐྱོང་གི་གོ་རིམ་སོ་སོའི་བེད་སྤྱོད་རུང་བའི་སྙན་ཞུ་དང་། ཇུས་གཞི་ལེགས་བཅོས། ཆེད་མཁས་པའི་དཔྱད་ཞིབ་བསམ་འཆར། བྱ་བའི་ཇུས་གཞི། བརྙན་རིས་རྒྱུ་ཆ་བཅས་ཁྱོན་ཡོངས་ནས་གསེད་བཀྲོལ་དང་འཆར་འགོད་དག་སྒྲིག་བྱེད་དགོས། 

ཚོགས་ཐོག་ནས་རྒྱང་བསྟེན་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་སྤྱད་ནས་མུ་རུ་གཏེར་ཁུལ་གྱི་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། 《མུ་རུ་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང2022ལོའི་བྱ་བའི་གཙོ་གནདལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།