ཀྲུང་གོ་བོད་ཀྱི་དྲ་བ།

ཆི་ལེན་རྫོང་གིས་ཏང་གི་ལོ་རྒྱུས་བསླབས་ནས་དོན་དངོས་བསྒྲུབས་ཏེ་དམངས་འཚོའི་དཀའ་གནད་བསལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆི་ལེན་རྫོང་གིས་ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་འབུར་དུ་བཏོད་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་རེ་བཞི”ཡི་གནད་དོན་ལ་དམིགས་པ། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་ནས། ལོ་གཅིག་གི་རིང་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གྲུབ་འབྲས་དང་ཕན་འབྲས་ཐོན་པར་སྐུལ་འདེད་བྱས།

“བརྟག་ཞིབ་ཆེན་མོ་དང་ལྟ་ཞིབ་ཆེན་མོ། དངོས་འབེབས་ཆེན་མོ”དང“གཞི་རིམ་དུ་སོང་ནས་དམངས་སེམས་སྦྲེལ་བའི”བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་བ་དང་། རྫོང་རིམ་པའི་འགན་ཁུར་པ་གཙོ་བོས་སྣེ་ཁྲིད་དེ་སྣེ་འབྲེལ་སྡེ་བའི(སྡེ་ཁུལ)ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། བརྟག་དཔྱད་སྙན་ཞུ16བྲིས་པ་དང་། དམངས་འཚོའི་དོན་ཚན40དག་སྒྲིག་བྱས་ལ། བསམ་འཆར་དང་བསམ་ཚུལ38སྡུད་ལེན་བྱས། མང་ཚོགས་ཀྱིས་དོ་སྣང་དང་སེམས་ཁུར་བྱེད་སར་དམིགས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་། སྤྱི་པའི་འཕྲོད་བསྟེན་འཛུགས་སྐྲུན། གྲོང་ཁྱེར་མངའ་ཁོངས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བ་སོགས་ཀྱི་བྱ་བ10ལ་དམིགས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་བྱེད་སྟངས25དང་དམངས་ཕན་དམངས་བདེའི་ཐབས་ཇུས་བཟང་པོ91བཏོན་ནས། མང་ཚོགས་ལ་བསམ་འཆར་ཆེ་བའི་ཚ་གནད་གནད་དོན148ཐག་གཅོད་བྱས་པ་དང་། སྔ་རྗེས་སུ་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར7བརྩོན་ལེན་བྱས་ཏེ། སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་བཅོས་བསྒྱུར་དང་བཙུན་མོ་གཞོང་གྲོང་རྡལ་གྱི་མཚོ་ལྷོ་ལམ་དང་དེའི་ཡན་ལག་གཞུང་ལམ་འཛུགས་སྐྲུན་བྱེད་པ། མུ་རི་གྲོང་རྡལ་གྱི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱེད་པ། མཁར་ནུབ་གཅིག་བསྡུས་དྲོད་འདོན་བཟོ་འགོད་སོགས་གཙོ་གནད་ལས་གཞི33ལག་བསྟར་བྱས།

“ང་ཡི་ལས་རྐང་ང་ཡིས་འགན་འཁུར་བ་དང་ང་རང་ལས་རྐང་དུ་ཡོད་པས་སེམས་བདེ་མོ་བྱོས”ཞེས་པའི་ལས་རྐང་དུ་ལས་སྐྲུན་དང་བྱས་རྗེས་འཇོག་པའི་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། ཏང་ཡོན1200ལྷག་གི་དང་བླངས་ཞབས་ཞུ་རུ་ཁག45སྒྲིག་འཛུགས་བྱས་ཤིང་། ཐབས་ལམ་མང་པོས་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་ཏེ། ཆ་སྡེབ་དབུལ་སྐྱོར་བྱ་འགུལ་གཏིང་ཟབ་ཏུ་སྤེལ། ཉེ་ས་ནས་སྙན་ཞུ་དང་ས་ཚིགས་མང་པོ་ནས་ལས་སྒྲུབ་བྱེད་པ། ཡུལ་ཁོངས་ཡོངས་སུ་ལས་སྒྲུབ་བྱེད་པའི་གྲངས་ཀའི་མ་ལག་འཛུགས་པ། ལས་སྒྲུབ་ཀྱི་འགྲོ་རིམ་ཇེ་ལེགས་དང་ལས་སྒྲུབ་ལས་ཕྱོད་ཇེ་མཐོར་བཏང་སྟེ། ཁྲལ་དོན་སྙན་ཞུ་དང་སྤྱི་ཚོགས་སྐྱོབ་རོགས། རླངས་འཁོར་ཞིབ་བཤེར་སོགས་ཀྱི་ལས་སྒོ17423ལས་སྒྲུབ་བྱས་ཚར། སྒོ་ཁར་ལས་སྒྲུབ་བྱེད་པ་དང་དུས་བཅད་ལས་སྒྲུབ་བྱེད་པ། དུས་ལྟར་ལས་སྒྲུབ་བྱེད་པ་སོགས་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ལས་སྒོ་ཕྱེས་ཏེ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་དཀའ་གནད་གནད་དོན95ཐག་གཅོད་བྱས། ཏང་ཡོན་དཔེ་སྟོན་ལས་རྐང་དང་ཚན་རྩལ་ཁྱབ་གདལ་ལས་རྐང་། ཕྱུག་བསྒྱུར་དཔེ་སྟོན་ལས་རྐང་། ཆ་འཕྲིན་སྒྲོག་སྤེལ་ལས་རྐང་སོགས་རྩ་བའི་ལས་རྐང120བཙུགས་པ་དང་། “དཔལ་ཡོན་སྒེའུ་ཁུང”13དང“ཡ་རབས་སྤུས་ལེགས་དཔེ་དམག”11བདམས་ཏེ། སྒེའུ་ཁུང་ཞབས་ཞུའི་སྤུས་ཀ་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།