ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥིན་ཁྲུན་གྱིས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཅེ་ཙི་གྲོང་རྡལ་དབྱི་སི་ལན་དགོན་པ་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཀ་མདོ་གྲོང་རྡལ་ཨ་ཧི་ཐང་དབྱི་སི་ལན་དགོན་པ། ཚའི་མགུར་གྲོང་རྡལ་ཚའི་མགུར་དབྱི་སི་ལན་དགོན་པ་བཅས་ལ་སོང་ནས། མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས་པ་དང་། ཁོ་ཚོ་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ལ། ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ནམ་ཡང་ཏང་གི་དྲིན་ལན་ཡིད་ལ་འཛིན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་དགོས་པའི་སྐུལ་མ་བཏང་།

དབྱང་ཧྥིན་ཁྲུན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ནམ་ཡང་ཏང་དང་སྲིད་གཞུང་ལ་བློ་དཀར་ཞིང་། རྒྱལ་གཅེས་ཆོས་གཅེས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་ཞུགས་པ། ཁས་ལེན་ལྔ་ཇེ་དྲག་ཏུ་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་དར་རྒྱས་གོང་འཕེལ་དུ་བཏང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱ་ཆེའི་ཆོས་ལུགས་དགེ་རྒན་དང་དད་ལྡན་མང་ཚོགས་དང་མཉམ་དུ། རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། ཆོས་ལུགས་སྔར་ལས་བཟང་བའི་སྒོ་ནས་སྤྱི་ཚོགས་དང་མཐུན་པར་བྱེད་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།