ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང(རྒྱ་སྐྱེད)གི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ནད་གཞི་ཚབས་ཆེན་དང་ས་གནས་ཀྱི་ནད་འགོག་བཅོས་བྱེད་པའི་བྱ་བའི་བརྙན་ལམ་གྲོས་ཚོགས་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྱུར་བཅོས་མགོ་ཁྲིད་ཚན་ཆུང(རྒྱ་སྐྱེད)གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ནད་གཞི་ཚབས་ཆེན་དང་ས་གནས་ཀྱི་ནད་འགོག་བཅོས་བྱེད་པའི་བྱ་བའི་བརྙན་ལམ་གྲོས་ཚོགས་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། 2021ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞི་བཅོས་སྒྱུར་དང་ནད་གཞི་ཚབས་ཆེན་དང་ས་གནས་ཀྱི་ནད་འགོག་བཅོས་ལས་དོན་ལ་ཕྱོགས་སྡོམ་དང་། 2022ལོའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལས་ཚབ་པ་ཝུའུ་ཞའོ་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་ཅིང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་ནན་ཏན་བྱས་ནས། མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། འཕྲོད་བསྟེན་ཆེན་མོ་དང་བདེ་ཐང་ཆེན་མོའི་འདུ་ཤེས་ཆེན་པོ་ཇེ་ལེགས་སུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་བདེ་ཐང་ཆེད་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས། “སན་མིན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ”ལ་དམ་འཛིན་བྱས་ཏེ་སྤྱི་ཡོངས་མཉམ་འགུལ་བྱེད་པ་མཐའ་འཁྱོངས་དང་། འཚོལ་ཞིབ་གསར་གཏོད་ལ་ཤུགས་སྣོན། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་གསུམ”མཉམ་འགུལ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དོ་སྙོམས་ཡོང་བར་བཀོད་སྒྲིག་བྱེད་པ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། “སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་ལམ་སྲོལ་འཛུགས་པ”ལྟེ་བར་བྱས་ཏེ། རིམས་ནད་འགོག་སྡོམ་བཅོས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན། འགག་སྒོ་མདུན་དུ་སྤར་ནས་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་པ་བཅས་བྱས་ནས། དེང་རབས་ཅན་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་དགོས། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་མ་ལག་དང་ལག་རྩལ། རྣམ་པ། དོ་དམ། རིག་གནས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ་དང་། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུརགཏིང་ཟབ་ཏུ་གཏོང་བ་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་སྟེང་མིག་སྔར་སྔར་བཞིན་རིམས་ནད་འགོག་སྡོམ་བྱེད་པའི་འགག་རྩའི་དུས་སྐབས་སུ་ལྷགས་ཡོད་པས། “ཕྱི་རིམས་ནང་མཆེད་སྔོན་འགོག་དང་ནང་རིམ་བསྐྱར་མཆེད་སྔོན་འགོག”བཅས་ཀྱི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་དམ་འཛིན་བཟང་པོ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྲིག་གཞི་བཅོས་སྒྱུར་དང་ནད་གཞི་ཚབས་ཆེན་རིགས་དང་ས་གནས་ཀྱི་ནད་འགོག་བཅོས་ལས་དོན་ལེགས་སྒྲུབ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་ས་ཁུལ་གྱི་སྡེ་ཁག་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་བ་རེད། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།