ཀྲུང་གོ་བོད་ཀྱི་དྲ་བ།

“རྒྱུ་རྐྱེན་དྲུག”གིས་མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་གལ་ཆེན་གྱི་ས་ཆ་བཀོལ་སྤྱོད་དོན་འཁྱོལ་ཐུབ་པར་འགན་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འཛུགས་སྐྲུན་བཀོལ་སྤྱོད་ས་ཆ་གསར་སྣོན་བྱེད་པའི་འཆར་གཞིའི་དམིགས་ཚད་ལ་ཕྱོགས་ཡོངས་ནས་འགན་ལེན་དང་། ཁྲིམས་འགལ་ངང་རྨོ་ཞིང་བཀོལ་སྤྱོད་བྱེད་ཚད་ཆེས་ཆེར་མར་ཆག་པ། ཞིབ་བཤེར་ལས་ཕྱོད་ཆེས་ཆེར་མཐོ་རུ་གཏོང་བ། གཙོ་གནད་རྣམ་གྲངས་ཁག་གཅིག་ལ་སྤྱོད་པའི་ས་ཆར་ཆོག་མཆན་ཐོབ”། ལོ་གཉིས་རིང་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ས་ཆ་བཀོལ་སྤྱོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། ཞིབ་མཆན་དུས་ཚད་ཐུང་དུ་གཏོང་བ། སྔ་སྣུར་དུ་ཐེ་གཏོགས་བྱེད་པ། ལས་སྒོ་གསོ་སྦྱོང་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ས་ཆ་བེད་སྤྱོད་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་གལ་ཆེན་གྱི་ས་ཆ་སྤྱོད་ཕྱོགས་ཀྱི་དགོས་མཁོ་བདེ་བླག་ངང་ལག་བསྟར་བྱེད་པར་ནུས་པ་ལྡན་པའི་ངང་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

བར་བརྒལ་དུས་ཀྱི་འཛུགས་སྐྲུན་རྣམ་གྲངས་ས་ཆ་བཀོལ་སྤྱོད་ཞིབ་བཤེར་བྱེད་པར་སྒྲིག་སྲོལ་དང་གཞི་འཛིན་ས་ཡོད་པར་འགན་ལེན་བྱེད་ཆེད། 《བར་བརྒལ་དུས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དོ་དམ་གྱི་འབྲེལ་ཡོད་ལས་དོན་ལེགས་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》དང《བར་བརྒལ་དུས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དོ་དམ་གྱི་འབྲེལ་ཡོད་ལས་དོན་ལེགས་པོ་བསྒྲུབ་པའི་སྐོར་གྱི་ཁ་གསབ་བརྡ་ཐོ》སྔ་རྗེས་སུ་འགྲེམ་སྤེལ་བྱས་ཏེ། བར་བརྒལ་དུས་མཚམས་ཀྱི་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞིའི་ས་ཆ་བེད་སྤྱོད་འགན་ལེན་ལས་དོན་གྱི་མགོ་ཡག་པོ་འཛུགས་ཆེད།《འོད་ཤུགས་མཉམ་འདུས་རྣམ་གྲངས་འཛུགས་སྐྲུན་དོ་དམ་སྐོར་གྱི་བརྡ་ཐོ》བཀྲམ་ནས་འོད་ཤུགས་རྣམ་གྲངས་འབོར་ཆེན་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཡོད་ལ། འོད་ཤུགས་ཀྱིས་བཟུང་བའི་ས་ཆའི་ནུས་ཆེའི་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་ཀྱང་བཏང་ཡོད།

གོང་གསལ་གྱི་ལས་དོན་སྤེལ་བ་བརྒྱུད། ས་ཆ་འགན་ལེན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལོ་གཉིས་རིང་ཐག་གཅོད་དང་ཆོག་མཆན་སྤྲད་ཀྱང་ས་ཆ་སྤྱི་ཆིང5773.3དང་རང་དགར་ལུས་པའི་ས་ཆ་སྤྱི་ཆིང4520ཡོད་པས། རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་ལ་སྤྲད་པའི་ཐག་གཅོད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་འཛུགས་སྐྲུན་ས་ཆ་བཀོལ་སྤྱོད་འཆར་གཞིའི་དམིགས་ཚད་སྤྱི་ཆིང8000ཙམ་ཕན་སྒྱུར་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ལ་འཛུགས་སྐྲུན་ས་ཆའི་འཆར་གཞིའི་འགན་ལེན་གསར་སྣོན་བྱས། གཞན་ཡང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད2021ལོར་ཁྲིམས་འགལ་ངང་རྨོ་ཞིང་བཀོལ་སྤྱོད་བྱེད་ཚད2020ལོ་ལས23.6%མར་ཆག་པ་དང་། དེ2019ལོ་ལས80%མར་ཆག་པ་དང་། ཁྲིམས་འགལ་ངང་ས་ཆ་བཀོལ་སྤྱོད་བྱེད་པར་ནུས་པ་ལྡན་པའི་སྒོ་ནས་བཀག་འགོག་བྱས་ཡོད། བསྡོམས་རྩིས་བྱས་པ་བརྒྱུད། 2019ལོ་ནས2021ལོའི་བར་གྱི་ལོ་གསུམ་གྱི་དུས་ཚོད་རིང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐོན་ཁུངས་ཐིང་གིས་ཡིག་ཆ་ཁྱབ་བསྒྲགས་བྱས་པ་ནས་ཞིབ་བཤེར་གཤམ་སྤྲོད་བྱས་པའི་ས་ཆ་བཀོལ་སྤྱོད་ཀྱི་གྲ་སྒྲིག་ཞིབ་བཤེར་བསམ་འཆར་ལེགས་སྒྲུབ་བྱས་པའི་བར་གྱི་ཆ་སྙོམས་དུས་ཚོད་ལོ་རེ་བཞིན་ཇེ་ཐུང་དུ་འགྲོ་བཞིན་ཡོད་པ་དང་། ཞིབ་མཆན་འགོད་པའི་དུས་ཚོད་མར་ཆག་ཚད8.2%ནས33.7%བར་མཐོ་རུ་ཕྱིན་ཡོད། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།