ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱིས་ཧཱ་ས་ཁི་སི་ཐན་གྱི་ཟར་མ་ནང་འདྲེན་ཐོག་མ་ལ་འགན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220428105040.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། ཧཱ་ས་ཁི་སི་ཐན་གྱི་ཟར་མ་ཏུན260ཟི་ལིང་གི་ཧྲོན་ཀྲའེ་ལྕགས་ལམ་ར་བའི་ས་ཚིགས་ལ་འབྱོར་བ་དང་། ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱི་ཁོངས་གཏོགས་ཚའོ་ཅ་པའོ་གནམ་ཐང་སྒོ་ཁྲལ་ལས་ཁུངས་ཀྱི་ལས་མིས་ཡུལ་དངོས་ནས་དངོས་ཟོག་སྐོར་འདི་ལ་རྗེས་མཐུད་ལྟ་རྟོག་དོ་དམ་བྱས། འདི་ནི2019ལོའི་ཟླ9པར་ཧཱ་ས་ཁི་སི་ཐན་གྱི་ཟར་མ་ཀྲུང་གོར་ཕྱིར་གཏོང་བྱེད་པར་ཆོག་མཆན་ཐོབ་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཐོག་དང་པོར་ནང་འདྲེན་བྱས་པ་ཡིན་ལ། མཚོ་སྔོན་དང“རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་རྒྱལ་ཁབ་ཀྱི་འབྲུ་སྣུམ་ཐོན་ལས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྣུམ་རྒྱུ་ལས་སྣོན་ཁེ་ལས་ལ་མ་བཅོས་རྒྱུ་ཆ་མི་འདང་བ་ཐག་གཅོད་པར་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ།

རྒྱུས་ལོན་པ་ལྟར་ན། ཟར་མ་ལ་ཁྱུ་མ་ཡང་ཟེར་ཞིང་། དེ་ནི་རང་རྒྱལ་གྱིི་སྲོལ་རྒྱུན་གྱི་སྣུམ་རྒྱུ་འབྲུ་རིགས་ཡིན་ལ། ཐོན་ཚད་ནི་སྣུམ་རྒྱུའི་འབྲུ་རིགས་བཅུའི་ཁྲོད་ཨང་བདུན་པ་ཡིན། ཟར་མ་ནང་འདྲེན་ཐོག་མར་བྱེད་པའི་འགག་སྒོ་སྒྲོལ་ཐུབ་པར་འགན་སྲུང་བྱེད་ཆེད། ཟི་ལིང་གི་སྒོ་ཁྲལ་ལས་ཁུངས་ཀྱིས་རིམས་ནད་འགོག་སྡོམ་དང་ཕྱི་ཚོང་བརྟན་ཐོག་ཡར་འཕེལ་འབྱུང་བར་སྤྱི་འདོམས་བྱེད་པའི་འབྲེལ་ཡོད་བླང་བྱ་ལྟར། མཚོ་ཁའི་སྒོ་ཁྲལ་ལས་ཁུངས་ལ་འབྲེལ་ལམ་བཙུགས་ཏེ། དུས་ཚོད་དང་པོའི་ནང་མཐུན་སྦྱོར་སྒོས་ཟར་མ་སྐྱེལ་འདྲེན་གོ་རིམ་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱས་ཤིང་། ངེས་པ་དོན་གྱིས་འགག་སྒྲོལ་བྱེད་ཚད་མཐོར་བཏེགས། རང་འགུལ་གྱིས་སྔོན་ལ་ཞབས་ཞུ་སྒྲུབ་པ་དང་། ས་ཚིགས་དང་ཡར་ཞུ་ལས་ཁུངས། ནང་འདྲེན་ཚོང་རྫས་ཡར་ཞུ་ཐོ་འགོད། ཡར་སྐྱེལ་མར་ལེན། བརྒྱུད་འདྲེན། དུག་སེལ་སོགས་ཀྱི་བྱ་བར་བརྒྱུད་རིམ་ཡོངས་ནས་མཛུབ་སྟོན་བྱས་པར་མ་ཟད། ཁེ་ལས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བར་རོགས་རམ་བྱས་ཏེ། འབྲུ་རིགས་སྐྱེལ་འདྲེན་དང་། གསོག་འཇོག ལས་སྣོན། ཟོག་རོ་ཐག་གཅོད་སོགས་གནད་འགག་གོ་རིམ་གྱི་རིམས་འགོག་ཐག་གཅོད་ལེགས་པོར་བསྒྲུབས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།