ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་མུ་རུ་གཏེར་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་སྔ་གཞུག་ཏུ་མུ་རུ་གཏེར་ཁུལ་གྱི་གཏེར་ཁྲོམ7པ་དང8པ་དང9བ་དང་། རྡོ་སོལ་གོང་མ་གཏེར་ཁུལ་དུ་སོང་སྟེ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ་གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ལིའུ་ཐོ་ཡིས་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་གི་རེ་བ་ལྟར། ཁོངས་གཏོགས་ལས་ཁུངས་སོ་སོས་ལོ་གསུམ་འགུལ་སྐྱོད་ཇུས་གཞིའི་ལས་འགན་དང་ཀྲུང་དབྱང་བྱ་བའི་ཚན་ཁག་གིསཕྱིར་ལྟ་བྱེད་པ”ཡིས་བཏོན་པའི་གནད་དོན་དག་ཐེར་བཅོས་སྒྱུར་གྱི་བླང་བྱ་གཞིར་བཟུང་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་གཞོགས་འདེགས་བྱེད་པར་གཙིགས་ཆེན་བྱེད་པ་དང་། རྒྱུན་མཐུད་སྒོས་རྗེས་འདེད་ལྟ་སྐུལ་ཐག་གཅོད་བྱ་བར་དམ་འཛིན་བྱེད་པ། ཏན་ཏིག་སྒོས་དག་ཐེར་བཅོས་སྐྱོང་བྱ་བའི་ཐད་ནས་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལིའུ་ཐའོ་ཡིས་ད་ལོ་ནི་ལོ་གསུམ་འགུལ་སྐྱོད་ཇུས་གཞིའི་ལས་འགན་སྣ་ཚོགས་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་འགན་སྲུང་བྱེད་པའི་གནད་འགག་གི་ལོ་ཡིན་པས། འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་སོ་སོས་དམིགས་འབེན་དང་ལས་འགན་ལ་དམིགས་ཏེ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ནུས་པ་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་དག་ཐེར་བཅོས་སྐྱོང་ཐད་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། ལས་འགན་སྣ་ཚོགས་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།  བྱ་བའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས་ཕྱོགས་སོ་སོའི་འགན་འཁྲི་དང་ལེན་བྱེད་པ་དང་། མཐུན་སྦྱོར་ལྟ་སྐུལ་མཛུབ་སྟོན་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། རྒྱུན་མཐུད་སྒོས་གཏེར་ལས་དབང་ཆའི་རིགས་བགར་ཐག་གཅོད་དང་རྡོ་ཟེགས་ཐོན་ཁུངས་ལེགས་སྒྲིག་ལེགས་སྒྱུར་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།