ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་དུ་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་འཛུབ་སྟོན་དང་ཞིབ་བཤེར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས25ཉིན་ནས་ཚེས26ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་དུ་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་འཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བསམ་བློའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་ཉེན་ཁ་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ཡོང་བར་སྲུབ་སྐྱོབ་བྱེད་དགོས།

ཝང་ལིས་མེན་སྔ་གཞུག་ཏུ་གསེར་གྱི་ཁུ་ནུ་ལིས་རིགས་ཚད་ཡོད་ཀུང་ཟི་དང་ཞི་ཡུའུ་མདོག་ལྡན་ལྕགས་རིགས་ཀུང་ཟི། ན་གོར་མོ་སྣུམ་བཙག་བཟོ་གྲྭ་སོགས་ལ་སོང་ནས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་ཉེན་ཁ་གཙང་སེལ་དང་ཐག་གཅོད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་མཆན་བཀོད་འཛུབ་སྟོན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་བཅོ་ལྔ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད། ཁེ་ལས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་བཀོད་འདོམས་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། གཙོ་གཞིའི་འགན་འཁྲི་དང་ས་གནས་འགན་འཁྲི་ནན་མོར་བཟུང་ནས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། ལས་རིགས་གཙོ་བོའི་ཁྱབ་ཁོངས་མཉམ་འདུ་ཡོང་བ་དང་གནད་འགག་གི་ཉམས་ཞན་པའི་རིམ་པར་ཁྱོན་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱས་ནས་མངོན་མེད་ཉེན་ཁ་གཙང་སེལ་དང་དག་ཐེར་བྱེད་དགོས། ལྟ་སྐུལ་འཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་ནས་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དངོས་འབེབས་བྱེད་པར་ཁག་ཐེག་དང་། བློ་བརྟན་འགྱུར་མེད་ཀྱིས་ཉེན་ཁའི་དོན་རྐྱེན་འབྱུང་བར་འགོག་ཟོན་བྱས་ཏེ། འབད་པ་ཆེན་པོས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།