ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་བཟོ་ལས་དང་ཐོན་སྐྱེད་སླར་གསོའི་ཟོག་འགྲེམས་ཤར་གཏོང་འགན་ལེན་བྱ་བར་ཁྱོན་ཡོངས་ནས་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་མགོ་ཁྲིད་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཉིང་ལག་རུ་ཁག་གི་རུ་ཆེན་དྲུག་དང་རུ་ཆེན་དང་པོར་ཕྱིན་པ་དང་། གཞནG6ཅིན་བོད་མྱུར་བགྲོད་གཞུང་ལམ་གྱི་མཱ་ཁྲང་ཡོན་ཞིང་ཆེན་གྱི་ཞིབ་བཤེར་ཞབས་ཞུའི་ས་ཚིགས་ཀྱི་འཐབ་ཡུལ་དང་པོའི་ལས་རེས་མི་དམངས་ཉེན་རྟོག་པར་འཚམ་འདྲི་བྱས་པ་མ་ཟད། ཉེ་དུས་ཀྱི་རིམས་ནད་འགོག་སྡོམ་དང་ཤར་གཏོང་བདེ་འཇགས་འགན་ལེན་གྱི་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གིས་འགན་འཁྲི་དང་ལས་འགན་ནན་ཏན་གྱིས་སྒྲུབ་པ་དང་། རིམས་ནད་འགོག་སྡོམ་གྱི་བྱ་ཐབས་ཁག་སྔར་ལས་འཐུས་ཚང་དུ་གཏོང་བ། རླངས་འཁོར་ལ་ཁྲིད་སྟོན་དང་ཁུལ་གྱི་འགྲིམ་འགྲུལ་ལམ་སྟོན་ལས་དོན་ལ་གཞོགས་འདེགས་བཟང་པོ་བཅས་བྱས་ནས། ས་སྲུང་འགན་འཁྲི་འཁུར་བ་དང་ས་སྲུང་འགན་འཁྲི་མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་མཁོ་སྤྲོད་འགན་ལེན་དང་ཤར་བགྲོད་ཐུབ་པའི་བགྲོད་ལམ་བཏོད་ནས་རིམས་ནད་འགོག་སྡོམ་གྱི་དངོས་ཟོག་དང་དམངས་འཚོའི་དངོས་ཟོག་སོགས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་བྱེད་པར་རླངས་འཁོར་ཀྱི་རིགས་ཤར་གཏོང་ཐུབ་པར་འགན་ལེན་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་སྔར་ལས་ཆེ་རུ་གཏོང་དགོས། འཐབ་ཡུལ་དང་པོའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རང་ངོས་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རང་ངོས་འགོག་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་བདེ་འཇགས་འགོག་སྲུང་གི་མཁོ་ཆས་ཚད་ལྡན་སྒོས་བེད་སྤྱད་དེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རིམས་ནད་འགོག་སྡོམ་དང་ལས་སྒྲུབ་ཁྲིམས་འཛིན་གྱི་རང་ངོས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

གཞན་ཡང་ཉེ་དུས་ཀྱི་ལས་ཐོན་སླར་གསོ་དང་ཤར་བགྲོད་ལ་འགན་ལེན་བྱེད་པ། “ལྔ་གཅིག”སྐབས་དོན་རྐྱེན་འབྱུང་བར་སྔོན་འགོག་དང་། འགག་སེལ་ཤར་གཏོང་སོགས་ཀྱི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།