ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་གདོང་ལེན་རུ་ཁག་གིས་དམིགས་བསལ་མི་ཚོགས་ལ་ཞབས་ཞུ་འདོན་སྤྲོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས18ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་གདོང་ལེན་རུ་ཁག་གིས་སྔ་གཞུག་ཏུ་གཅིག་གཅིག་ཐིག་བཀོད་འདོམས་ལྟེ་གནས་ཀྱི་ཞུ་གཏུག་ཁ་པར་གོ་གཉིས་དང་ལེན་བྱས་པ་དང་། རུ་མི་དྲུག་མངག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཀླད་སྙིང་ཁྲག་རྩའི་ཆེད་དོན་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་། མཚོ་སྔོན་རིན་ཅི་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་སོགས་སྨན་བཅོས་སྡེ་ཁག་བཅུ་གཅིག་གི་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་དང་ནད་སྟོན་སྨན་བཅོས་བྱེད་དགོས་པའི་མི་སུམ་བརྒྱ་དང་བཞི་བཅུ་བརྒྱུད་སྐྱེལ་བྱས།

རོགས་སྐྱོར་བྱེད་དགོས་པའི་མི་ཚོགས་ལ་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་གདོང་ལེན་རུ་ཁག་གིས་ཟི་ལིང་གྲོང་ཁྱེར་གཅིག་གཅིག་ཐིག་བཀོད་འདོམས་ལྟེ་གནས་དང་མཉམ་ལས་བྱས་ནས། མཉམ་དུ་རིམས་ནད་འགོག་སྡོམ་དང་གཏན་འཇགས་འགན་སྲུང་བྱེད་པའི་བྱ་བ་སྤེལ་བ་དང་། གཅིག་གཅིག་ཐིག་ཞུ་གཏུག་ཁ་པར་བརྒྱུད་དེ་དམིགས་བསལ་གྱི་དགོས་མཁོ་ཡོད་པའི་མང་ཚོགས་ལ་ཆེད་ལས་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས།

མིག་སྔར། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བ་གནད་འགག་དུས་སྐབས་སུ་སླེབས་པ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་གདོང་ལེན་རུ་ཁག་རིམས་ནད་འགོག་སྡོམ་ཁྲོད་ཞུགས་ནས། རང་སྟེང་གི་དགེ་མཚན་ནུས་པ་འདོན་སྤེལ་བྱས་ཏེ། དམིགས་བསལ་མི་ཚོགས་ལ་ནད་སྟོན་སྨན་བཅོས་དང་ནད་དྲག་སྐྱེད་བྱུང་ནས་ཕྱིར་ཁྱིམ་དུ་ལོག་པ། ལོ་ལོན་བྱིས་པ་དང་ནད་པ། དབང་བོ་སྐྱོན་ཅན། སྦྲུམ་མ་སོགས་ལ་གཟིགས་སྐྱོང་བྱེད་པའི་ཞབས་ཞུ་དང་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། རིམས་ནད་འགོག་སྡོམ་ཐད་སྟོབས་ཤུགས་ཕུལ། དེ་དང་མཉམ་དུ། ད་དུང་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་ཟི་ལིང་གི་ཁུལ་ཁོངས་གཙོ་བོ་རུ་དུག་སེལ་ཞབས་ཞུ་སྤེལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།