ཀྲུང་གོ་བོད་ཀྱི་དྲ་བ།

མཁར་ནུབ་ཁུལ་གྱི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་ལས་གཉེར་གོ་རིམ་ལྡན་པའི་ངང་སླར་གསོ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས26ཉིན་གྱི་ཉིན་གུང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥང་ཀྲི་ཕིན་སྣ་འཛོམས་ཐོག་ཁང་གི་སྒོ་རྩིས་ཚོང་ཁང་ནང་དུ། ཚོང་ཟོག་ཉོ་རུ་ཡོང་བའི་མི་རྒྱུན་མི་ཆད་པ་དང་། ཚང་མས་ཁ་ཐུམ་བརྒྱབ་ནས་གོ་རིམ་ལྡན་པའི་ངང་ཨང་གཉིས་ཞིབ་བཤེར་དང་ཚ་གྲངས་འཇལ་ནས། སྒོ་རྩིས་ཚོང་ཁང་ནང་གི་སྒྲིག་ལམ་ཧ་ཅང་བཟང་། 

མཁར་ནུབ་ཁུལ་གྱིས་འཇགས་རྣམ་དོ་དམ་གློད་རྗེས་ཁེ་ལས་དག་གིས་ཡང་བསྐྱར་ཐོན་སྐྱེད་དང་བདེ་འཇགས་ལ་དོགས་ཟོན་བྱེད་པའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས། གོ་རིམ་ལྡན་པའི་ངང་ཡང་བསྐྱར་ལས་འགོ་རྩོམ་རྒྱུར་འགན་ལེན་བྱས་ཏེ། ཁེ་ལས་ལ་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་བྱས། 

མིག་སྔར་ཁོངས་གཏོགས་ཁུལ་གྱི་གཙོ་གནད་སྒོ་རྩིས་ཚོང་ཁང་ཆེ་གྲས19དང་། ཚོང་ར9། དྲ་ཐོག་སྡེབ་ཚོང་ཁེ་ལས20། སྡེབ་ཚོང་ཁེ་ལས8། གྲོང་སྡེའི་ཚོང་ར11བཅས་ཀྱིས་གོ་རིམ་ལྡན་པའི་ངང་རྒྱུན་ལྡན་ལྟར་གཉེར་སྐྱོང་སླར་གསོ་བྱས་པ་མཟད། ཟ་ཁང1871དང་ཚོང་ཁང་ཆུང་གྲས1500། སྨན་ཁང169བཅས་ཀྱི་ལས་གཉེར་སླར་གསོ་བྱས་པ་དང་། དེའི་ཁྲོད་དུ་སྨན་ཁང165ཡི་སླར་གསོ་ཚད98%ཟིན་པ་དང་། ཆེད་ལས་ཚོང་ར10དང་། མྱུར་སྐྱེལ་ལས་རིགས50ཡིས་ལས་གཉེར་སླར་གསོ་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།